བླ་ན་མེད་པའི་དབང་ཆ་དང་ཀྲུང་དབྱང་གི་དཔོན་གནས་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བླ་ན་མེད་པའི་དབང་ཆ་དང་ཀྲུང་དབྱང་གི་དཔོན་གནས་ལམ་ལུགས།
ཀྲུང་གོའི་གནའ་རབས་ཀྱི་ཀྲུང་དབྱང་དཔོན་པོའི་ལམ་ལུགས་ནི་ཀྲུང་གོའི་བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་སྲིད་དབང་གི་ལྟེ་བའི་སྒྲིག་གཞི་དང་དེའི་གོ་གནས་ལམ་ལུགས་ཡིན། དེའི་ནང་དུ་ཆིན་དང་ཧན་གྱིས་གོང་མ་ལྟེ་བ་བྱས་པའི་གུང་གསུམ་ཆིང་དགུའི་ལམ་ལུགས་དང་། སུའེ་དང་ཐང་རྒྱལ་རབས་ཀྱི་སྐབས་སུ་སྲིད་དབང་སྒེར་གཅོད་ཀྱི་ཀྲུང་དབྱང་སྲིད་དབང་སྒྲིག་སྲོལ་གྱི་སྡེ་དྲུག་ལམ་ལུགས་དང་དེའི་ནང་བློན་ལམ་ལུགས་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
至高无上的皇权与中央官制
ཁོངས་གཏོགས།
ཆབ་སྲིད་ལམ་ལུགས།
དུས་སྐབས།
ཀྲན་གོའི་དུས་སྐབས།
འཕེལ་རྒྱས།
བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས།
1 ​བླ་ན་མེད་པའི་དབང་ཆ། 
1_1 ནང་དོན། 

དང་ཐོག་གནམ་འོག་གཅིག་གྱུར་བྱས་པའི་རྗེས་སུ། ཆིན་གྱི་གོང་མ་ཡིང་ཀྲེང་གིས་རང་ཉིད་ནི་སྤྱོད་པ་ཧོང་གསུམ་ལས་བཟང་ཞིང་ཕྱག་རྗེས་ཏི་ལྔ་ལས་བརྒལ་བས། རྒྱལ་པོ(王)ཞེས་པའི་མཚན་སྙན་ཙམ་གྱིས་རང་ཉིད་ཀྱི་དབང་ཤུགས་དང་གོ་འཕང་མཚོན་མི་ནུས་པར་སྙམ་སྟབས། ཁོས་ཧོང(皇)གསུམ་དང་ཏི་ལྔའི་མིང་ཧོང་ཏི(帝)ཞེས་པར་བསྡུས་ཏེ་རང་ཉིད་ཀྱི་མིང་གི་ཞེ་སར་གཏན་འཁེལ་བྱས་ཤིང་། རང་ཉིད“ཐོག་མའི་གོང་མ”ཡིན་པར་བརྗོད་པ་དང་། རང་ཉིད་ནས་བཟུང་ཕ་ཚ་བུ་རྒྱུད་ཀྱིས་གདུང་རབས་བསྐྱངས་ནས་དུས་གཏན་དུ་སྲིད་སྐྱོང་བའི་རེ་བ་བཅངས། སྐབས་དེ་ནས་བཟུང“ཧོང་ཏི”ནི་ཀྲུང་གོ་གནའ་རབས་ཀྱི་ཆེས་མཐོའི་དབང་སྒྱུར་མཁན་གྱི་མིང་དུ་གྱུར་ནས། བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་རིམ་བྱུང་གིས་མུ་མཐུད་དུ་བེད་སྤྱད་པ་རེད།

གོང་མ་ཆིན་ཧྲི་ཧོང་གིས་དབང་སྒྱུར་བྱེད་སྐབས་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་ཀྱི་དབང་ཆ་ཡོད་དོ་ཅོག་རྒྱལ་པོས་བཟུང་ཡོད་ལ། ཀྲུང་དབྱང་དང་ས་གནས་ཀྱི་དཔོན་གནས་གལ་ཆེན་ཚང་མའང་གོང་མས་བསྐོ་འཐེན་བྱེད་པ་ཡིན། དམག་དཔུང་སྐོང་འཐེན་བྱེད་ཚེ་སྟག་བྱང་དེ་དཔང་རྟགས་བྱེད་ལ། སྟག་བྱང་ནི་གོང་མས་འཛིན་པ་དང་གནང་བ་ཡིན། 

1_2 ཁྱད་ཆོས། 

གོང་མ་ཆིན་ཧྲི་ཧོང་གིས་གསར་གཏོད་བྱས་པའི་གོང་མའི་ལམ་ལུགས་དེས་ཕྱོགས་གཅིག་ནས་རྒྱལ་སྲིད་རྒྱུད་འཛིན་བྱེད་པ་ལས་དབང་ཆ་གཞན་ལ་མི་སྤྲོད་པ་མཚོན་ཞིང་། ཕྱོགས་གཞན་ཞིག་ནས་གོང་མའི་དབང་ཆ་བླ་ན་མེད་པས་གོ་གནས་དེ་ལས་བརྒལ་མི་རུང་བ་མཚོན་འདུག དེ་ནི་ཀྲུང་གོའི་གནའ་རབས་ཀྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་ཁྱད་ཆོས་གཙོ་བོ་རེད། 

2 ཀྲུང་དབྱང་གི་དཔོན་གནས་ལམ་ལུགས། 

གོང་མ་ཆིན་ཧྲི་ཧོང་གིས་ཀྲན་གོའི་དཔོན་གནས་ལམ་ལུགས་ཀྱི་རྨང་གཞིའི་སྟེང་གོང་མའི་དབང་ཆ་ལྟེ་བ་ཡིན་པའི་ཀྲུང་དབྱང་སྲིད་དབང་གི་རྩ་འཛུགས་ཆ་ཚང་ཞིག་བཙུགས། ཀྲུང་དབྱང་དུ་ཕྱིང་སང་བློན་ཆེན་དང་། ཁྲིམས་འཛིན་ཏ་ཏྥུ། དྲག་བློན་ཆེན་མོ་བཅས་ཆེས་མཐོའི་དཔོན་གནས་གསུམ་གསར་འཛུགས་བྱས། ཕྱིང་སང་བློན་ཆེན་ནི་དཔོན་ཡོངས་ཀྱི་མགོ་གཙོ་ཡིན་ཞིང་། གོང་མར་རྒྱལ་ཡོངས་ཀྱི་སྲིད་དོན་སྐྱོང་རོགས་བྱེད་པ་དང་། ཁྲིམས་འཛིན་ཏ་ཏྥུ་ནི་ཕྱིང་སང་བློན་ཆེན་གཞོན་པ་ཡིན་པ་སྟེ། བློན་པོ་རྣམས་ཀྱིས་གོང་མར་ཕུལ་བའི་ཞུ་ཡིག་འཛིན་པ་དང་གོང་མའི་བཀའ་ཤོག་འོག་རིམ་ལ་ཁྱབ་བསྒྲགས་དང་། དཔོན་ཡོངས་ལ་ལྟ་རྟོག་བྱེད་པའི་འགན་དེ་ལ་མཆིས། དྲག་བློན་ཆེན་མོར་རྒྱལ་ཡོངས་ཀྱི་དམག་དོན་དོ་དམ་བྱེད་པའི་འགན་མཆིས་ལ། ཕྱིང་སང་བློན་ཆེན་གྱི་འོག་ཏུ་ད་དུང་བློན་པོ་འགའ་མཆིས། སོ་སོས་རྒྱལ་ཁབ་ཀྱི་བྱེ་བྲག་གི་ལས་དོན་སྣ་ཚོགས་གཉེར་ཞིང་། ཀྲུང་དབྱང་སྲིད་གཞུང་གི་འགན་ནུས་སྒྲུབ་པའི་སྡེ་ཁག་ཡིན།

ཆིན་རྒྱལ་རབས་ཀྲུང་དབྱང་གི་དཔོན་གནས་གཙོ་བོ་དེས་གོ་གནས་དང་། ལས་འགན། ཁེ་ཕན་བཅས་ཀྱི་ཕྱོགས་ནས་ཕན་ཚུན་ལ་རམ་འདེགས་དང་ཚོད་འཛིན་བྱེད་པ་དང་། གོང་མས་དམག་སྲིད་ཀྱི་དབང་ཆ་ཆེན་པོ་བཟུང་ཡོད། འོན་ཀྱང་དམག་སྲིད་ཀྱི་དོན་ཆེན་ལ་ཇུས་ཐག་གཅོད་སྐབས་སྤྱིར་བཏང་དུ་ཐོག་མར་ཕྱིང་སང་བློན་ཆེན་དང་། ཁྲིམས་འཛིན་ཏ་ཏྥུ། བློན་པོ་བཅས་གོང་མའི་སྲིད་གཞུང་གི་གྲོས་མོལ་བརྒྱུད་རྗེས་གོང་མས་ཁྲུན་གཅོད་བྱེད་པ་རེད། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་རྒྱལ་པོའི་སྲིད་དབང་སྒེར་གཅོད་ལམ་ལུགས་འོག་དོན་ཆེན་ལ་ཇུས་འགོད་བྱེད་སྐབས་ནོར་འཛོལ་འབྱུང་བ་ཇེ་ཉུང་དུ་བཏང་། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-09

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།