དགེ་རྒན་གྱི་སྐད་ཆའི་སྒྱུ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགེ་རྒན་གྱི་སྐད་ཆའི་སྒྱུ་རྩལ།
སྐད་ཆ་ནི་མིའི་རིགས་ཀྱི་འཚོ་བའི་ནང་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་ཆེས་མེད་དུ་མི་རུང་བའི་ལག་ཆ་དེ་རེད། རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། ཡུལ་ཕྱོགས་མི་འདྲ་བ། ཐ་ན་སློབ་གྲྭ་མི་འདྲ་བ་སོགས་ཇི་ལྟ་བུ་ཞིག་ཡིན་ནའང་། སྐད་ཆ་བཀོལ་ནས་རིག་གནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས། ལྟ་བ་ཁྱབ་བསྒྲགས་སོགས་བྱེད་པ་ནི་རྒྱུན་ལྡན་དུ་གྱུར་ཡོད། སྐད་ཆ་ལའང་ཤོད་སྟངས་མི་འདྲ་བ། བཤད་ཡུལ་མི་འདྲ་བ་ལ་སོགས་པའི་རྐྱེན་གྱིས་ནུས་པའང་མི་གཅིག་པ་ཐོན་གྱི་འདུག
གཞི་རྩའི་གནས་ཚུལ།

སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
ཁྱབ་ཁོངས།
ཆུང་འབྲིང་སློབ་མ།
1 ​ངོ་སྤྲོད།

སྐད་ཆ་ནི་མིའི་རིགས་ཀྱི་འཚོ་བའི་ནང་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་ཆེས་མེད་དུ་མི་རུང་བའི་ལག་ཆ་དེ་རེད། རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། ཡུལ་ཕྱོགས་མི་འདྲ་བ། ཐ་ན་སློབ་གྲྭ་མི་འདྲ་བ་སོགས་ཇི་ལྟ་བུ་ཞིག་ཡིན་ནའང་། སྐད་ཆ་བཀོལ་ནས་རིག་གནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས། ལྟ་བ་ཁྱབ་བསྒྲགས་སོགས་བྱེད་པ་ནི་རྒྱུན་ལྡན་དུ་གྱུར་ཡོད། སྐད་ཆ་ལའང་ཤོད་སྟངས་མི་འདྲ་བ། བཤད་ཡུལ་མི་འདྲ་བ་ལ་སོགས་པའི་རྐྱེན་གྱིས་ནུས་པའང་མི་གཅིག་པ་ཐོན་གྱི་འདུག

2 ཉན་སྤྲོ་བ།

སྐད་ཆའི་སྒྱུ་རྩལ་ལ་དང་དོད་དང་འཚོ་བ་དངོས་ལས་སློབ་མའི་དང་བ་འདྲེན་རྒྱུ་ནི་ཐབས་ཤེས་ལེགས་ཤོས་དེ་རེད་འདུག ཨ་རིའི་སློབ་གསོ་མཁས་ཅན་ཡོ་ཧན་ཝའེ་ཡིས། སྐད་ཆ་ཉུང་ལ་ཚིག་དོན་ཐོན་པ་ནི་སློབ་ཁྲིད་ཀྱི་ལག་ཆ་ཡག་ཤོས་དེ་རེད། ཅེས་གསུངས་པ་ལྟར། སློབ་ཁྲིད་ལ་ངེས་པར་དུ་སྣ་འཛོམས་ཀྱི་རང་བཞིན་ལྡན་དགོས་ཤིང་། དེ་ནི་སྐད་ཆའི་ནུས་པ་ལ་བརྟེན་དགོས།  དེས་ན་སྐད་ཆ་སྟབས་བདེ་ལ་ཁ་གསལ་ཞིང་འཚོ་བའི་རང་བཞིན་ལྡན་རྒྱུ་ནི་གལ་ཆེན་པོ་འདུག དེས་དུས་རྒྱུན་སློབ་ཚན་ཡག་པོ་མི་ཉན་པའི་སློབ་མ་རྣམས་ལའང་དགའ་ཚོར་དང་ཉན་འདོད་ཀྱི་དང་བ་སྤྲད་ཀྱི་འདུག་ལ། ཡིག་རྒྱུགས་སྐབས་ཀྱི་སྦྱངས་འབྲས་ལའང་ཕན་འབྲས་མངོན་གསལ་དོད་པོ་འཐོན་གྱི་འདུག་གོ། །

3 ཡིད་འགུགས་པ།

སློབ་འཁྲིད་སྐབས་སློབ་མ་རེ་ཟུང་ནི་ཡིད་གཟབ་མི་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་ཉན་པ། ཉན་མི་སྤྲོ་བ་སོགས་ཀྱི་གནད་དོན་འདི་དག་ནི་རྒྱུན་ལྡན་རང་བཞིན་ཞིག་ཡིན་པས། དགེ་རྒན་གྱིས་སློབ་མའི་བློ་ཁ་དང་འཚམ་པའི་གཏམ་རྒྱུད་དམ་ཁ་མཚར་སོགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་མའི་ཡིད་འགུགས་པ་དང་། དེ་མ་ཐག་སློབ་འཁྲིད་དངོས་གཞི་ལ་སློབ་མའི་ཡིད་སེམས་འགུག་རྒྱུ་ན་ཤིན་ཏུ་གལ་ཆེ་ཞིང་། དེས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-07

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།