གདུང་རྒྱུད་འབྲེལ་བའི་ཁྱིམ་རྒྱུད་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདུང་རྒྱུད་འབྲེལ་བའི་ཁྱིམ་རྒྱུད་ལམ་ལུགས།
ཁྱིམ་རྒྱུད་ཀྱི་ཁྲིམས་ལུགས་ནི་ཁྲག་རྒྱུད་ཉེ་རིང་ལ་གཞིགས་ནས་ཉེ་རིང་དབྱེ་འབྱེད་བྱེད་པའི་ལམ་ལུགས་ཤིག་ཡིན་པ་དང་། གདོད་མའི་དུས་སུ་ཁྱིམ་རྒྱུད་ཀྱི་ཁྲིམས་ལུགས་ལ་མྱུ་གུ་འབུས་ཡོད་མོད། འོན་ཀྱང་སྐུ་དྲག་བར་གྱི་འབྲེལ་བའི་ལམ་ལུགས་ཆ་ཚང་ཞིག་གྲུབ་པ་དང་བྱུང་བ་ནི་ཀྲོའུ་རྒྱལ་རབས་ཀྱི་དོན་དག་ཅིག་ཡིན། རུས་རྒྱུད་ལམ་ལུགས་ཀྱི་འོག་ཏུ། གནམ་གྱི་སྲས་ཀྱིས་རྒྱལ་ཁབ་དབུ་བརྙེས་པ་དང་། རྒྱལ་ཕྲན་རྒྱལ་ཕྲན་གྱིས་ཁྱིམ་འཛུགས་པ་དང་། ཆིང་གིས་གཞོགས་ཁང་བཞག་པ། སྨན་པ་ཞའོ་ཙུང་ཡོད་པ། ཧྲི་ལ་ལི་ཧྲི་ཡོད་པ། (《གཡོན་གྱི་རྣམ་ཐར་》ཧེང་ཀུང་ལོ་གཉིས་པ)བཅས་ཀྱིས་རྒྱུད་རིམ་ལྡན་ཞིང་ཆ་ཚང་བའི་ལམ་ལུགས་ཤིག་ཆགས་ཡོད། ཁྱིམ་རྒྱུད་ཁྲིམས་ལུགས་ཀྱི་གནད་འགག་གི་ནང་དོན་ཞིག་ནི་དབྱེ་འབྱེད་ནན་མོ་བྱེད་པ་དང་། དེའི་དམིགས་ཡུལ་ནི་སྐུ་དྲག་གྲལ་རིམ་ནང་ཁུལ་གྱི་སྒྲིག་ལམ་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西周宗法制
ཁོངས་གཏོགས།
ཆབ་སྲིད་ལམ་ལུགས།
དུས་སྐབས།
ཀྲོའུ་ནུབ་མ།
ཁྱིམ་རྒྱུད་ལམ་ལུགས།
གནམ་གྱི་སྲས་ཀྱིས་རྒྱལ་ཁབ་དབུ་བརྙེས་པ་དང་། རྒྱལ་ཕྲན་རྒྱལ་ཕྲན་གྱིས་ཁྱིམ་འཛུགས་པ་དང་། ཆིན་གྱིས་གཞོགས་ཁང་འཇོག་པ་བཅས་ཡིན།
1 ངོ་སྤྲོད། 

ཁྱིམ་རྒྱུད་ཀྱི་ཁྲིམས་ལུགས་ནི་ཁྲག་རྒྱུད་ཉེ་རིང་ལ་གཞིགས་ནས་ཉེ་རིང་དབྱེ་འབྱེད་བྱེད་པའི་ལམ་ལུགས་ཤིག་ཡིན་པ་དང་། གདོད་མའི་དུས་སུ་ཁྱིམ་རྒྱུད་ཀྱི་ཁྲིམས་ལུགས་ལ་མྱུ་གུ་འབུས་ཡོད་མོད། འོན་ཀྱང་སྐུ་དྲག་བར་གྱི་འབྲེལ་བའི་ལམ་ལུགས་ཆ་ཚང་ཞིག་གྲུབ་པ་དང་བྱུང་བ་ནི་ཀྲོའུ་རྒྱལ་རབས་ཀྱི་དོན་དག་ཅིག་ཡིན། རུས་རྒྱུད་ལམ་ལུགས་ཀྱི་འོག་ཏུ། གནམ་གྱི་སྲས་ཀྱིས་རྒྱལ་ཁབ་དབུ་བརྙེས་པ་དང་། རྒྱལ་ཕྲན་གྱིས་ཁྱིམ་འཛུགས་པ་དང་། ཆིང་གིས་གཞོགས་ཁང་བཞག་པ། སྨན་པ་ཞའོ་ཙུང་ཡོད་པ། ཧྲི་ལ་ལི་ཧྲི་ཡོད་པ། 《གཡོན་གྱི་རྣམ་ཐར་》ཧེང་ཀུང་ལོ་གཉིས་པ་བཅས་ཀྱིས་རྒྱུད་རིམ་ལྡན་ཞིང་ཆ་ཚང་བའི་ལམ་ལུགས་ཤིག་ཆགས་ཡོད། ཁྱིམ་རྒྱུད་ཁྲིམས་ལུགས་ཀྱི་གནད་འགག་གི་ནང་དོན་ཞིག་ནི་དབྱེ་འབྱེད་ནན་མོ་བྱེད་པ་དང་། དེའི་དམིགས་ཡུལ་ནི་སྐུ་དྲག་གྲལ་རིམ་ནང་ཁུལ་གྱི་སྒྲིག་ལམ་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན། 

2 དམིགས་ཡུལ།

ས་བགོ་དབང་སྤྲོད་ལམ་ལུགས་གྲུབ་པའི་དབང་སྒྱུར་གོ་རིམ་ལ་ཤུགས་སྣོན་བརྒྱབ་སྟེ་སྐུ་དྲག་བར་གྱི་དབང་ཆ་དང་། རྒྱུ་ནོར། ས་ཞིང་རྒྱུད་འཛིན་བྱེད་པ་བཅས་ཀྱི་འགལ་བ་སེལ་བའི་ཆེད་དུ། ཀྲོའུ་རྒྱལ་རབས་ནུབ་མས་ས་བགོ་དབང་སྤྲོད་ལམ་ལུགས་དང་ཕྱི་ནང་གཉིས་བརྟེན་གྱི་ཆབ་སྲིད་ངོ་བོ་ལྡན་པའི་ཁྱིམ་རྒྱུད་ལམ་ལུགས་ཤིག་ལག་བསྟར་བྱས། 

3 ནང་དོན།

ཁྱིམ་རྒྱུད་ལམ་ལུགས་དེ་ནི་ཕ་རྒྱུད་ཉེ་རིང་ལ་བརྟེན་ནས་ཆབ་སྲིད་ཀྱི་རིམ་པ་རྒྱུན་སྐྱོང་དང་རྒྱལ་ཁབ་ལ་དབང་སྒྱུར་བ་ཇེ་བརྟན་དུ་གཏོང་བའི་ལམ་ལུགས་ཤིག་ཡིན་ཏེ། དེ་ལས་གོང་མ་ཀྲོའུ་ལ་གནམ་སྲས་སུ་འབོད། 

4 ​ཁྱད་ཆོས།

ཆེན་མའི་སྲས་ཆེ་བས་རྒྱལ་སྲིད་འཛིན་པ་དང་དེ་རུས་རྒྱུད་ཆེན་པོར་བརྩི། རྒྱལ་སྲས་གཞན་པ་རྣམས་རྒྱལ་ཕྲན་རྒྱལ་པོར་བསྐོ་ཞིང་། དེ་དག་རྒྱལ་སྲས་ཆེ་བར་མཚོན་ན་རུས་རྒྱུད་ཆུང་བ་ཡིན་མོད། འོན་ཀྱང་ཁོ་ཚོའང་རང་ཉིད་ཀྱི་མངའ་ཁོངས་སུ་རུས་རྒྱུད་ཆེན་པོར་བརྩི་བ་ཡིན། རྒྱལ་ཕྲན་རྒྱལ་པོའི་གོ་གནས་ཀྱང་དེའི་ཆེན་མའི་བུ་ཆེ་བས་འཛིན་ལ་བུ་གཞན་པ་རྣམས་ལ་ས་བགོ་དབང་སྤྲོད་བྱས་ཏེ་ཆིང་ཏ་ཧྥུ་ཡི་གོ་འཕང་བསྩལ། རྒྱལ་ཕྲན་རྒྱལ་བོར་མཚོན་ན་ཆིང་ཏ་ཏྥུ་ནི་རུས་རྒྱུད་ཆུང་བ་ཡིན་མོད། འོན་ཀྱང་རང་གི་མངའ་ཁོངས་སུ་ཁྱིམ་རྒྱུད་ཆེན་པོར་བརྩི་བ་རེད། ཆིང་ཏ་ཧྥུ་དང་ཧྲི་བར་གྱི་འབྲེལ་བ་ནི་དེ་ལྟར་རོ། ། རུས་རྒྱུད་ཆེན་པོས་ཆུང་བར་བཀའ་ཕབ་ནས་ཚོད་འཛིན་བྱེད་ཆོག་ལ་རུས་རྒྱུད་ཆུང་བས་རུས་རྒྱུད་ཆེན་པོ་ངེས་པར་བརྩི་དགོས། ཀྲོའུ་རྒྱལ་པོ་ནི་གནམ་འོག་གི་རུས་རྒྱུད་ཆེན་པོ་ཡིན་ལ་ཆབ་སྲིད་ཐོག་གི་ཆེས་མཐོའི་གཙོ་འཛིན་ཡིན་པ་བཅས་གཏན་འཁེལ་བྱས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།