སློབ་གླིང་སྙན་ངག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་གླིང་སྙན་ངག་པ།
སློབ་གླིང་སྙན་ངག་པ་ཞེས་པ་ནི་སློབ་གྲྭ་ཆེན་མོའི་ཁག་ན་སློབ་ཞོར་དུ་སྙན་ངག་གསར་རྩོམ་ལ་ཞུགས་ཀྱིན་པའི་ན་གཞོན་རྩོམ་འབྲི་མཁན་དག་ལ་བྱ་ཞིང་། ཁོ་ཚོ་ནི་ཐོག་མར་གསར་རྩོམ་ལ་ཞུགས་མཁན་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
ཁྱབ་ཁོངས།
སློབ་ཆེན་སློབ་མ།
1 ངོ་སྤྲོད།

སློབ་གླིང་སྙན་ངག་པ་ཞེས་པ་ནི་སློབ་གྲྭ་ཆེན་མོའི་ཁག་ན་སློབ་ཞོར་དུ་སྙན་ངག་གསར་རྩོམ་ལ་ཞུགས་ཀྱིན་པའི་ན་གཞོན་རྩོམ་འབྲི་མཁན་དག་ལ་བྱ་ཞིང་། ཁོ་ཚོ་ནི་ཐོག་མར་གསར་རྩོམ་ལ་ཞུགས་མཁན་ཤ་སྟག་ཡིན།

2 ཁྱད་ཆོས།

འདིར་ཆེད་དུ་སློབ་གླིང་སྙན་ངག་པ་ཞེས་ལོགས་སུ་དགར་བའི་རྒྱུ་མཚན་གཙོ་བོའང་། གཅིག་ཏུ་ཁོ་ཚོ་ན་གཞོན་གསར་སྐྱེས་དག་ཡིན་པས་མ་འོངས་རྩོམ་རིག་འཕེལ་རྒྱས་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དུ་བབས་ཡོད་པ་དང་། གཉིས་སུ་ན་གཞོན་སྙན་ངག་པ་འདི་དག་ལ་ཚད་མཐོ་བའི་རིག་གནས་ཀྱི་བློ་སྦྱོང་དང་ཀུན་སྤྱོད་སྤུས་ཚད་མཐོ་བ། སྙན་ངག་འབྲི་བའི་མོས་འདུན་ཆེ་བ། གསུམ་ན་རྩོམ་རིག་གཞུང་ལུགས་ཤེས་བྱའི་སྐོར་གྱི་སྒྲིག་གཞི་ཕུན་ཚོགས་སུ་སྣང་བ། ད་དུང་དེ་དག་གི་ཁྲོད་ནའང་སྙན་ངག་འབྲི་བའི་ལྷན་སྐྱེས་ཀྱི་ཤེས་རབ་མངའ་བ་ཡོད་སྲིད་ལ་མ་འོངས་པར་ཕུན་ཚོགས་སྙན་ངག་འབྱུང་ཐུབ་པའང་ཡོད་པས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-07

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།