སྒྱུ་རྩལ་མཛེས་རིག་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྱུ་རྩལ་མཛེས་རིག་སློབ་གསོ།
སྒྱུ་རྩལ་གྱི་དམིགས་ཡུལ་ནི་མི་རྣམས་ཀྱི་སྙིང་སྟོབས་དང་། གཤིས་རྒྱུད། བསམ་ཚུལ་བཅས་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་རྒྱུ་དེ་ཡིན། སྒྱུ་རྩལ་གྱི་བློ་འགུག་ནུས་པ་ནི་རང་བྱུང་གི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་མིའི་བྱང་ཚད་མཐོ་རུ་གཏོང་བ་དང་། མིའི་བསམ་ཚུལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་པ། མིར་ཕུན་སུམ་ཚོགས་པའི་རང་གཤིས་གཏོད་པ། རང་རྟོགས་ཀྱིས་མིའི་རིགས་ཀྱི་བླ་ན་མེད་པའི་ཕུགས་བསམ་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
艺术美育
རྩོམ་པ་པོ།
ལིན་ཞའོ་ལེ།
པར་སྐྲུན་དུས།
2006-04-01
པར་ངོས།
244
པར་སྐྲུན་ཁང་།
ཅི་ནན་སློབ་ཆེན་མོའི་དཔེ་སྐྲུན་ཁང་།
1 ངོ་སྤྲོད། 

སྒྱུ་རྩལ་གྱི་དམིགས་ཡུལ་ནི་མི་རྣམས་ཀྱི་སྙིང་སྟོབས་ལ་ཤུགས་རྐྱེན་ཐེབས་པ་དང་། མིའི་གཤིས་རྒྱུད་དང་བསམ་ཚུལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་རྒྱུ་དེ་ཡིན། སྒྱུ་རྩལ་གྱི་བློ་འགུག་ནུས་པ་ནི་རང་བྱུང་གི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་མིའི་བྱང་ཚད་མཐོ་རུ་གཏོང་བ་དང་། མིའི་བསམ་ཚུལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་པ། མིར་ཕུན་སུམ་ཚོགས་པའི་རང་གཤིས་གཏོད་པ། རང་རྟོགས་ཀྱིས་མིའི་རིགས་ཀྱི་བླ་ན་མེད་པའི་ཕུགས་བསམ་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པ་བཅས་ཡིན། 

2 བྱེད་ཐབས། 

སྒྱུ་རྩལ་སློབ་གསོའི་བྱེད་ཐབས་ལ་བརྟེན་ནས་ལག་ཏུ་བསྟར་བའི་མཛེས་རིག་སློབ་གསོ་ནི་མཛེས་རིག་སློབ་གསོའི་ཐབས་ལམ་གཙོ་བོ་ཡིན་ལ། དེའི་རྒྱུ་མཚན་ནི། (1)སྒྱུ་རྩལ་མཛེས་རིག་སློབ་གསོ་ལ་བརྟེན་པའི་བྱེད་ཐབས་ནི་རང་བྱུང་གི་མཛེས་པ་དང་སྤྱི་ཚོགས་ཀྱི་སྒྱུ་རྩལ་མཛེས་པ་དང་མི་འདྲ་སྟེ། སྒྱུ་རྩལ་གྱི་མཛེས་ཉམས་དེ་ད་ལྟ་དངོས་སུ་ཐོན་པ་དང་། དེ་ཉིད་སྒྱུ་རྩལ་པའི་གསར་གཏོད་རང་བཞིན་གྱི་ངལ་རྩོལ་ལས་བྱུང་བ་ཞིག་ཡིན་པ་དང་། མཛེས་སྡུག་ལྡན་པའི་དངོས་པོ་ཅན་དུ་འགྱུར་བ་ཞིག་རེད། དེ་བས་སྒྱུ་རྩལ་མཁས་ཅན་གྱི་སྤྱང་གྲུང་ལྡན་པའི་མིག་རྒྱང་ལ་བརྟེན་ནས་དངོས་ཡོད་ཁྲོད་རབ་རིབ་ཀྱི་མཛེས་ཆོས་སྔོག་འདོན་བྱས་ཏེ་མི་རྣམས་ལ་གང་ཞིག་ནི་མཛེས་སྡུག་དང་། གང་ཞིག་བཙོག་པོ་ཡིན་པ་གསལ་རྟོགས་ཐུབ་པར་རམ་འདེགས་བྱེད་ཀྱི་ཡོད། སྒྱུ་རྩལ་གྱི་མཛེས་པ་ནི་མིའི་རིགས་ཀྱི་བླ་ན་མེད་པའི་བརྩེ་དུང་གི་ཉིང་བཅུད་ཡིན་ཞིང་། དེ་ནི་རང་བྱུང་གི་མཛེས་པ་དང་སྤྱི་ཚོགས་ཀྱི་མཛེས་པ་ལས་མཛེས་སྡུག་གི་རིམ་པ་ཆེས་མཐོ་བ་ཡིན་ཞེས་བཤད་ཆོག (2)སྒྱུ་རྩལ་མཛེས་རིག་སློབ་གསོ་ཞེས་པ་མིའི་ཀུན་རྟོག་གི་རྩལ་ལས་བྱུང་བའི་དུང་ཞེན་གྱི་སྟོབས་ཤུགས་ཤིག་ཡིན་ལ།  སྤྱིར་བཏང་གི་འཚོ་བའི་སྣང་བརྙན་གྱིས་མི་རྣམས་ལ་བརྩེ་དུང་གི་སེམས་འགུལ་ཆེན་པོ་ཐེབས་སླ་བ་རེད། (3)སྒྱུ་རྩལ་མཛེས་རིག་སློབ་གསོའི་ཁྱད་ཆོས་ནི་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པ་དང་། དེས་མི་རྣམས་ལ་སྒྱུ་རྩལ་གྱི་ལོངས་སྤྱོད་དང་། གསར་གཏོད་ཀྱི་བརྒྱུད་རིམ་ལས་བློ་རིག་དང་ཡིད་ཚིམས་པའི་བརྩེ་དུང་གི་ཤུགས་རྐྱེན་བཟང་པོ་ཐེབས་པ་མ་ཟད། གསར་གཏོད་ཀྱི་སྤྲོ་སྣང་ཡང་ཐོབ་ནས་རང་མོས་ཀྱི་མཛེས་དཔྱོད་བྱེད་སྒོའི་ཁྲོད་སློབ་གསོ་ཐེབས་པ་ཞིག་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-06

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།