ཆུ་ཤོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་ཤོ།
འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་རྩ་ཕྲན་ཡོད་པ་དང་མེད་པ་གཉིས་གསར་སྐྱེས་ལ་སྡོང་བོ་མེད་ཅིང་ལོ་ཤས་སོང་རྗེས་སྡོང་བོ་སྔོ་ལྗང་སྙུང་རིལ་དབྱིབས་ཅན་གྱི་ཁོང་སོབ་ལ་ཚིགས་ཡོད་པར་ཡལ་ག་མེད་པ་རྒས་ཚེ་དམར་སྨུག་ཏུ་གྱུར་པ་ཁ་ཤས་དྲང་པོར་སྐྱེ་ལ། ལོ་མ་སྔོ་ལྗང་འཇམ་ལ་སྣུམ་པ་སྒོར་ནས་ཅུང་ཟད་ཆེ་བའི་མཐའ་མཉམ་ཞིང་ངར་བ་རིང་བའི་རྟིང་བར་འབྱར་ཚི་ཡོད་པས་སྡོང་བོ་གཏུམས་ཡོད། མེ་ཏོག་དང་འབྲས་བུ་ནི་ཆེ་ཆུང་ཙམ་མ་གཏོགས་ཤོ་མང་གཞན་དང་མཚུངས་སོ༎ གཞན་ཡང་ཆུང་བ་ནི་ལོ་མང་སོང་ཡང་ལོ་མ་ཁོ་ན་ལས་སྡོང་བོ་མི་སྐྱེ་བ་ཡིན་ནོ༎
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆུ་ཤོ།
རྒྱ་ཡིག་གི་མིང་།
大葱橐吾
ཕྱི་ཡིག་གི་མིང་།
RumexacetosaL
སྡེ།
ཆུ་རྩིའི་སྡེ།
ཁོངས་གཏོགས།
ཤོ་མང་གི་ཁོངས་གཏོགས།
རིགས་དབྱེ།
སྔོ་སྨན།
1 མིང་གཞན། 

ག་བྲ་མ་དང་། ཟབ་ལག་ཅན་ཡང་ཟེར། 

2 སྐྱེ་དབྱིབས།  

ཤེལ་ཕྲེང་ལས། རིགས་ཆེ་ཆུང་གཉིས། ཆེ་བ་སྡོང་བོ་དམར་སྨུག་ཁོང་རིང་བར་མེ་ཏོག་སེར་པོ་སྤུངས་པ་ལྟར་འཆར་བ། ལོ་མ་སྒོར་ཆེན་ཆུ་ལོ་འདྲ་བ་ཆུང་བ། རྐང་ལྕུམ་དང་འདྲ་ལ་དམར་ཞིང་ཕྲ་བའོ༎ཞེས་བསྟན་པ་བཞིན་འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་རྩ་ཕྲན་ཡོད་པ་དང་མེད་པ་གཉིས་གསར་སྐྱེས་ལ་སྡོང་བོ་མེད་ཅིང་ལོ་ཤས་སོང་རྗེས་སྡོང་བོ་སྔོ་ལྗང་སྙུང་རིལ་དབྱིབས་ཅན་གྱི་ཁོང་སོབ་ལ་ཚིགས་ཡོད་པར་ཡལ་ག་མེད་པ་རྒས་ཚེ་དམར་སྨུག་ཏུ་གྱུར་པ་ཁ་ཤས་དྲང་པོར་སྐྱེ་ལ། ལོ་མ་སྔོ་ལྗང་འཇམ་ལ་སྣུམ་པ་སྒོར་ནས་ཅུང་ཟད་ཆེ་བའི་མཐའ་མཉམ་ཞིང་ངར་བ་རིང་བའི་རྟིང་བར་འབྱར་ཚི་ཡོད་པས་སྡོང་བོ་གཏུམས་ཡོད། མེ་ཏོག་དང་འབྲས་བུ་ནི་ཆེ་ཆུང་ཙམ་མ་གཏོགས་ཤོ་མང་གཞན་དང་མཚུངས་སོ༎ གཞན་ཡང་ཆུང་བ་ནི་ལོ་མང་སོང་ཡང་ལོ་མ་ཁོ་ན་ལས་སྡོང་བོ་མི་སྐྱེ་བ་ཡིན་ནོ༎

3 འཐུ་དུས་དང་ལས་སྣོན།

སྨན་ལ་རྩ་བ་བོད་ཟླ་བརྒྱད་པར་བཏུས་ཏེ་གཙང་མར་ཀྲུས་རྗེས་གཏུབ་ནས་བསིལ་སར་སྐམ་རྗེས་སྤྱོད་དགོས།

4 རོ་ནུས་ཞུ་རྗེས།

རོ་ཅུང་ཟད་སྐྱུར་ལ་ཁ་བ་དང་། ཞུ་རྗེས་སྐྱུར་བ། ནུས་པ་འཇམ་ལ་བསིལ་ཞིང་མཉེན་པའོ༎

5 རྐྱང་བའི་ཕན་ཡོན།

ཆུ་ཤོས་སྐྲངས་དང་སྲིན་ལ་ཕན། རྨའི་ནད་སེལ་བར་ཐེ་ཚོམ་མེད། 


བརྡ་འགྲེལ་གདོང་འཛར།

ཆུ་ཤོ། ལོ་མ། མེ་ཏོག སྡོང་བོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-23

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།