མི་དམངས་བཅིངས་འགྲོལ་འཐབ་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་དམངས་བཅིངས་འགྲོལ་འཐབ་འཁྲུག
བཅིངས་འགྲོལ་དམག་འཁྲུག་ལ་“རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གསུམ་པ་”ཞེས་ཀྱང་ཟེར། གོ་མིན་ཏང་གི་ཕྱོགས་ནས་“ཟིང་འཁྲུག་ཞོད་འཇགས་གཏོང་རྒྱུའི་སྐུལ་སློང་”[1]ཟེར་ཞིང་། དེ་ནི་1945ལོའི་ཟླ་8པ་ནས་1949ལོའི་ཟླ་9པའི་བར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གོ་མིན་ཏང་གི་དབང་སྒྱུར་མགོ་རྟིང་སློག་རྒྱུ་དང་ཀྲུང་གོ་ཡོངས་རྫོགས་བཅིངས་འགྲོལ་གཏོང་རྒྱུའི་ཆེད་དུ་བྱས་པའི་དམག་འཁྲུག་ཡིན་ཞིང་། གོ་གུང་གི་ནང་འཁྲུག་དེ་མུར་ལིའོ་ཧྲེན་དང་ཧོའེ་ཧའེ། ཕིན་ཅིན་བཅས་གཡུལ་འགྱེད་ཆེན་པོ་གསུམ་བསྟུད་མར་བྱས་པས། གོ་མིན་ཏང་གི་གཙོ་ཤུགས་ཕལ་ཆེར་རྩ་མེད་དུ་བཏང་། 1949ལོའི་ཟླ་4བར། བཅིངས་འགྲོལ་དམག་གིས་འབྲི་ཆུ་འཕྲེད་དུ་བརྒལ་ནས་ནན་ཅིན་བཅིངས་འགྲོལ་བཏང་ཞིང་། གཞི་རྩའི་ཐོག་གོ་མིན་ཏང་གི་དབང་སྒྱུར་རྩ་མེད་དུ་སོང་བ་ཁྱབ་བསྒྲགས་བྱས། སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན། བཅིངས་འགྲོལ་དམག་གིས་རྒྱལ་ཡོངས་སུ་དཔུང་འཇུག་བྱེད་པའི་ལམ་བར་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་པེ་ཅིན་ནས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས། སྤྱི་ལོ1950ལོའི་ཟླ་6པའི་བར་དུ། བྱང་ཤར་དང་ཧྭ་ཤར། ཧོ་ནན། ལྷོ་ནུབ། ནུབ་བྱང་བཅས་ཀྱི་གཡུལ་སར་ལུས་པའི་གོ་མིན་ཏང་གི་དམག་དཔུང་ཚང་མ་ཚར་བཅད་ཅིང་། ཐའེ་ཝན་ལ་བྲོས་བྱོལ་དུ་སོང་། ལོ་དེར་བོད་ཞི་བས་བཅིངས་འགྲོལ་བཏང་། བཅིངས་འགྲོལ་དམག་གིས་རྒྱལ་ཡོངས་ཀྱི་སྐམ་ས་ཆེན་པོ་དང་མཚོ་ཉེའི་གླིང་ཕྲན་བཅིངས་འགྲོལ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་ཤིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལ་རྒྱལ་ཁ་ཐེངས་གཉིས་ཐོབ་པ་དང་། ཀྲུང་གོའི་སྐམ་ས་ཆེན་པོ་གཅིག་གྱུར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民解放战争
ཁོངས་གཏོགས།
དམག་དོན།
དུས་སྐབས།
སྤྱི་ལོ1946-1955བར།
འཐབ་ཞུགས་ཕྱོགས་ཁག
ཀྲུང་གོ་གུང་ཁྲན་ཏང་། གོ་མིན་ཏང་།
གཡུལ་འཁྲུག་གཙོ་བ།
ལིའོ་ཧྲེན་གཡུལ་འགྱེད་དང་། ཧོའེ་ཧའེ་གཡུལ་འགྱེད། ཕིན་ཅིན་གཡུལ་འགྱེད།
བཀོད་འདོམས་དམག་དཔོན།
ཅང་ཀྲུང་ཀྲེང་། པའེ་ཁྲུང་ཞི། ཧྥུ་ཙུའོ་དབྱི་སོགས།
མཇུག་འབྲས།
གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ།
1 ངོ་སྤྲོད། 

བཅིངས་འགྲོལ་དམག་འཁྲུག་ལ་“རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གསུམ་པ་”ཞེས་ཀྱང་ཟེར། གོ་མིན་ཏང་གི་ཕྱོགས་ནས་“ཟིང་འཁྲུག་ཞོད་འཇགས་གཏོང་རྒྱུའི་སྐུལ་སློང་”[1]ཟེར་ཞིང་། དེ་ནི་1945ལོའི་ཟླ་8པ་ནས་1949ལོའི་ཟླ་9པའི་བར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གོ་མིན་ཏང་གི་དབང་སྒྱུར་མགོ་རྟིང་སློག་རྒྱུ་དང་ཀྲུང་གོ་ཡོངས་རྫོགས་བཅིངས་འགྲོལ་གཏོང་རྒྱུའི་ཆེད་དུ་བྱས་པའི་དམག་འཁྲུག་ཡིན་ཞིང་། གོ་གུང་གི་ནང་འཁྲུག་དེ་མུར་ལིའོ་ཧྲེན་དང་ཧོའེ་ཧའེ། ཕིན་ཅིན་བཅས་གཡུལ་འགྱེད་ཆེན་པོ་གསུམ་བསྟུད་མར་བྱས་པས། གོ་མིན་ཏང་གི་གཙོ་ཤུགས་ཕལ་ཆེར་རྩ་མེད་དུ་བཏང་། 1949ལོའི་ཟླ་4བར། བཅིངས་འགྲོལ་དམག་གིས་འབྲི་ཆུ་འཕྲེད་དུ་བརྒལ་ནས་ནན་ཅིན་བཅིངས་འགྲོལ་བཏང་ཞིང་། གཞི་རྩའི་ཐོག་གོ་མིན་ཏང་གི་དབང་སྒྱུར་རྩ་མེད་དུ་སོང་བ་ཁྱབ་བསྒྲགས་བྱས། སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན། བཅིངས་འགྲོལ་དམག་གིས་རྒྱལ་ཡོངས་སུ་དཔུང་འཇུག་བྱེད་པའི་ལམ་བར་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་པེ་ཅིན་ནས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས། སྤྱི་ལོ1950ལོའི་ཟླ་6པའི་བར་དུ། བྱང་ཤར་དང་ཧྭ་ཤར། ཧོ་ནན། ལྷོ་ནུབ། ནུབ་བྱང་བཅས་ཀྱི་གཡུལ་སར་ལུས་པའི་གོ་མིན་ཏང་གི་དམག་དཔུང་ཚང་མ་ཚར་བཅད་ཅིང་། ཐའེ་ཝན་ལ་བྲོས་བྱོལ་དུ་སོང་། ལོ་དེར་བོད་ཞི་བས་བཅིངས་འགྲོལ་བཏང་། བཅིངས་འགྲོལ་དམག་གིས་རྒྱལ་ཡོངས་ཀྱི་སྐམ་ས་ཆེན་པོ་དང་མཚོ་ཉེའི་གླིང་ཕྲན་བཅིངས་འགྲོལ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་ཤིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལ་རྒྱལ་ཁ་ཐེངས་གཉིས་ཐོབ་པ་དང་། ཀྲུང་གོའི་སྐམ་ས་ཆེན་པོ་གཅིག་གྱུར་བྱས། 

2 ལོ་རྒྱུས་མདོར་བསྟན། 

འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་རྗེས་ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བའི་སྒོ་ནས་ཀྲུང་གོ་གསར་བ་ཞིག་འཛུགས་པར་འདུན་པ་ཟབ་མོ་ཡོད་ནའང་། ཅང་ཅེ་ཧྲི་ཚོགས་པས་སྒེར་གཅོད་དང་ནང་འཁྲུག་གི་སྲིད་ཇུས་ལག་ཏུ་བསྟར་ནས་དེའི་ལོག་སྤྱོད་དབང་སྒྱུར་གྱི་རྒྱུན་བསྐྱངས་པ་རེད། དེའི་རྐྱེན་གྱིས་གོ་གུང་ཏང་ཁག་གཉིས་ཀྱིས་ཁྲུང་ཆིང་ནས་གྲོས་མོལ་བྱས་ཤིང་། སྤྱི་ལོ1945ལོའི་ཟླ10པའི་ཚེས10ཉིན(བཅུ་པའི་ཚེས་བཅུའི་ཆོད་ཡིག)བཞག  ཡིན་ནའང་གོ་མིན་ཏང་གིས་གུང་ཁྲན་ཏང་དང་ཞི་བདེ་གྲོས་མོལ་བྱེད་ཞོར་དུ་ནང་འཁྲུག་ལ་གྲ་སྒྲིག་བྱས། སྤྱི་ལོ1946ལོའི་ཟླ6པའི་ཟླ་མཇུག་ཏུ་ཨ་རིའི་རྒྱབ་སྐྱོར་འོག་གོ་མིན་ཏང་དམག་དཔུང་གིས་ཀྲུང་ཡོན་བཅིངས་འགྲོལ་ས་ཁུལ་ལ་ཕྱོགས་ཡོངས་ནས་ཚུར་རྒོལ་བྱས། གུང་ཁྲན་ཏང་གིས་འགོ་འཛིན་བྱས་པའི་དམག་མིས་དཔའ་ངར་ཆེན་པོས་རང་སྲུང་གི་མི་དམངས་བཅིངས་འགྲོལ་འཐབ་འཁྲུག་བརྒྱབ། སྤྱི་ལོ1946ལོའི་ཟླ6པ་ནས་སྤྱི་ལོ1949ལོའི་ཟླ10པའི་བར་ལོ་ངོ་གསུམ་གྱི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་མཛད་པའི་མི་དམངས་གསར་བརྗེ་དྲག་ཤུགས་ཀྱིས་གོ་མིན་ཏང་གི་ཚུར་རྒོལ་རྡུལ་དུ་བརླགས་ཤིང་ལིའོ་ཧྲེན་དམག་འཁྲུག་དང་ཧུའེ་ཧའེ་དམག་འཁྲུག ཕིང་ཅིན་གཡུལ་འགྱེད། ཏུའུ་ཅང་དམག་འཁྲུག་སོགས་བརྒྱབ་ཏེ་ཐའེ་ཝན་གླིང་ཕྲན་མ་གཏོགས་རྒྱལ་ཡོངས་ཀྱི་ས་ཁུལ་ཡོངས་བཅིངས་འགྲོལ་བྱས། ལོ་ངོ4ཡི་རིང་ལ་གོ་མིན་ཏང་གི་དམག་མི་ཁྲི807ལྷག་བསད། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན། དཔོན་ངན་མ་རྩ་རིང་ལུགས་ཀྱིས་ཀྲུང་གོར་དབང་སྒྱུར་པ་རྩ་བ་ནས་གཏོར་བ་དང་། མི་དམངས་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་བླངས་པ་དེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པར་རྨང་གཞི་བསྐྲུན། དེ་ནས་བཟུང་ཀྲུང་གོའི་སྤྱི་ཚོགས་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།