འཇར་འགོག་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཇར་འགོག་དམག་འཁྲུག
འཇར་འགོག་དམག་འཁྲུག་ནི་སྤྱི་ལོ1931ལོའི་ཟླ9པ་ནས་སྤྱི་ལོ1945ལོའི་ཟླ9པའི་བར་ཀྲུང་གོའི་མི་རིགས་སོ་སོའི་མི་དམངས་ཀྱིས་འཇར་པན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་མི་རིགས་བཅིངས་འགྲོལ་དམག་འཁྲུག་སྟེ། འཛམ་གླིང་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་གི་གྲུབ་ཆ་གཙོ་བོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抗日战争
ཁོངས་གཏོགས།
དམག་དོན།
དུས་སྐབས།
སྤྱི་ལོ1931ནས1945བར།
ས་གནས།
ཀྲུང་གོ།
འཐབ་འཁྲུག་ཕྱོགས་ཁག
ཀྲུང་ཧ་མིན་གོ། འཇར་པན་བཙན་རྒྱལ་རིང་ལུགས།
བཀོད་འདོམས་དམག་དཔོན།
ཅང་ཅེ་ཧྲི་དང་། ལི་ཙུང་རེན། མའོ་ཙེ་ཏུང་། ཀྲུའུ་ཏེ་སོགས།
གཡུལ་འཁྲུག་གཙོ་བོ།
སུང་ཧུའུ་མཉམ་འཐབ་དང་། ཝུའུ་ཧན་མཉམ་འཐབ་ཐོན་བརྒྱའི་འཁྲུག་ཆེན་སོགས།
མཇུག་འབྲས།
ཨ་རིས་བཙན་ཤེད་ཀྱིས་རི་པིན་ལ་ལབ་གླེང་མེད་པར་མགོ་བཏགས་རྒྱུའི་ཁྱབ་བསྒྲགས་བྱེད་དུ་བཅུག་པ།
1 ​ངོ་སྤྲོད། 

འཇར་འགོག་དམག་འཁྲུག་ནི་སྤྱི་ལོ1931ལོའི་ཟླ9པ་ནས་སྤྱི་ལོ1945ལོའི་ཟླ9པའི་བར་ཀྲུང་གོའི་མི་རིགས་སོ་སོའི་མི་དམངས་ཀྱིས་འཇར་པན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་མི་རིགས་བཅིངས་འགྲོལ་དམག་འཁྲུག་སྟེ། འཛམ་གླིང་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་གི་གྲུབ་ཆ་གཙོ་བོ་ཡིན། 

2 ལོ་རྒྱུས་མདོར་བསྟན། 

སྤྱི་ལོ1931ལོའི་དགུ་གཅིག་བརྒྱད་དུས་འགྱུར་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་དྲག་ཤུགས་བཀོལ་ནས་འཇར་པན་བཙན་འཛུལ་པར་ངོ་རྒོལ་གྱི་མགོ་བརྩམས་ལ། སྤྱི་ལོ1937ལོའི་ཟླ7ཚེས7ཉིན་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་ལུའུ་ཀོའུ་ཟམ་པའི་དོན་རྐྱེན་བཟོས་ཏེ་བཙན་འཛུལ་དམག་འཁྲུག་ཡོངས་སུ་འགོ་བརྩམས། དེ་བས་གོ་གུང་གཉིས་ཡང་བསྐྱར་མཉམ་འབྲེལ་བྱས་ཏེ་འཇར་འགོག་བྱས། འཇར་འགོག་དམག་འཁྲུག་ལ་གཡུལ་ས་གཉིས་ཡོད་པ་སྟེ་གོ་མིན་ཏང་དམག་དཔུང་གིས་མདུན་ཕྱོགས་འཐབ་འཁྲུག་བརྒྱབ་པས་འཇར་དམག་གི་གཙོ་ཤུགས་མང་དུ་བཅོམ་ཞིང་། འཇར་འགོག་དམག་འཁྲུག་གི་རྒྱལ་ཁ་ལ་ཕན་ནུས་ཆེན་པོ་ཐོབ། གུང་ཁྲན་ཏང་གིས་སྐམ་དམག་ཅུན་ཤོག་བརྒྱད་པ་དང་སྐམ་དམག་གསར་སྒྲིག་ཅུན་ཤོག་བཞི་བ་ལ་འགོ་ཁྲིད་མཛད་དེ་དགྲ་བོའི་རྒྱབ་ཕྱོགས་ནས་འཐབ་འཁྲུག་བྱས་ཤིང་། འཇར་འགོག་གནས་གཞིའི་ས་ཁུལ་བཙུགས་པ་དེ་འཇར་འགོག་གི་གཙོ་ཤུགས་སུ་གྱུར། འཇར་འགོག་དམག་འཁྲུག་ཡོངས་སུ་བརྒྱབ་པར་རིམ་པ་གསུམ་དུ་བགོས་ཆོག་སྟེ།  སྤྱི་ལོ1937ལོའི་ཟླ7པ་ནས་སྤྱི་ལོ1938ལོའི་ཟླ10བར་ནི་འཐབ་ཇུས་ཐོག་གི་འགོག་སྲུང་དུས་རིམ་དང། སྤྱི་ལོ1938 ལོའི་ཟླ11ནས1943ལོའི་ཟླ12བར་ནི་འཐབ་ཇུས་ཐོག་གི་ཁ་གཏད་དུ་ལངས་པའི་དུས་རིམ། སྤྱི་ལོ1944ལོའི་ཟླ1པ་ནས1945ལོའི་ཟླ9ཚེས2ཉིན་འཇར་པན་གྱིས་མགོ་སྒུར་བའི་ཡི་གེར་མིང་རྟགས་བཀོད། དེའི་རྐྱེན་གྱིས་ཟླ9ཚེས3ཉིན་ཀྲུང་གོའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་པའི་དྲན་གསོའི་ཉིན་མོར་གྱུར།

3 ཤུགས་རྐྱེན། 

ཀྲུང་གོ་དམག་དམངས་ཀྱིས་ལོ་ངོ14ཙམ་ལ་འཇར་འགོག་བྱེད་པར་སྡུག་བསྔལ་ཚབས་ཆེན་མྱངས། བསྡོམས་བརྩིས་ལྟར་ན་ཀྲུང་གོའི་དམག་དམངས་ཁྲི3500ལྷག་རྨས་གསོད་ཐེབས་པ་དང་། རྒྱུ་ནོར་འགྲོ་གྲོན་དང་འཐབ་འཁྲུག་འགྲོ་གྲོན་ཨ་སྒོར་དུང་ཕྱུར5600ལྷག་ཤོར་བ་རེད། འཇར་པན་ཕྱོགས་ཀྱི་བསྡོམས་བརྩིས་ལྟར་ན་འཇར་དམག་ཁྲི133ཙམ་ཤི་རྨས་བྱུང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-10

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།