སློབ་ཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་ཚན།
སློབ་ཚན་ཞེས་པ་ནི་སློབ་མས་སློབ་སྦྱོང་བྱེད་པའི་རིག་ཚན་སྤྱི་དང་དེ་འབྲེལ་གྱི་འཕེལ་རིམ་དང་བཀོད་སྒྲིག་ལ་གོ། སློབ་ཚན་ནི་སློབ་གསོའི་དམིགས་ཚད་དང་། འཁྲིད་བྱའི་དོན། སློབ་ཁྲིད་བྱེད་སྒོ་སྤེལ་སྟངས་བཅས་འཆར་འགོད་དང་ཇུས་འགོད་བྱས་པ་ཞིག་དང་། སློབ་ཁྲིད་འཆར་གཞི་དང་སློབ་ཁྲིད་རྩ་གནད་སོགས་ཕྱོགས་མང་པོའི་ཐད་ནས་ལག་བསྟར་བྱེད་པའི་བརྒྱུད་རིམ་གྱི་སྤྱི་བསྡོམས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
课程
སྒྲ་དོག་འཇུག
རིག་ཚན་ཞིག།
ཕྱི་ཡིག་གི་མིང་།
curriculum/course
སྡེ།
སློབ་གསོ།
1 ​ངོ་སྤྲོད། 

སློབ་ཚན་ཞེས་པ་ནི་སློབ་མས་སློབ་སྦྱོང་བྱེད་པའི་རིག་ཚན་སྤྱི་དང་དེ་འབྲེལ་གྱི་འཕེལ་རིམ་དང་བཀོད་སྒྲིག་ལ་གོ།  སློབ་ཚན་ནི་སློབ་གསོའི་དམིགས་ཚད་དང་། འཁྲིད་བྱའི་དོན། སློབ་ཁྲིད་བྱེད་སྒོ་སྤེལ་སྟངས་བཅས་འཆར་འགོད་དང་ཇུས་འགོད་བྱས་པ་ཞིག་དང་། སློབ་ཁྲིད་འཆར་གཞི་དང་སློབ་ཁྲིད་རྩ་གནད་སོགས་ཕྱོགས་མང་པོའི་ཐད་ནས་ལག་བསྟར་བྱེད་པའི་བརྒྱུད་རིམ་གྱི་སྤྱི་བསྡོམས་ཤིག་ཡིན། སྒྲ་ཡངས་འཇུག་གི་སློབ་ཚན་ཞེས་པ་ནི་སློབ་གྲྭས་གསོ་སྐྱོང་གི་དམིགས་ཡུལ་འགྲུབ་ཆེད་བདམས་པའི་སློབ་གསོའི་ནང་དོན་དང་དེའི་འཕེལ་རིམ་གྱི་སྤྱི་བསྡོམས་ལ་ཟེར། དེའི་ནང་དུ་སློབ་གྲྭའི་དགེ་རྒན་གྱིས་འཁྲིད་པའི་རིག་ཚན་སོ་སོ་དང་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སློབ་གསོའི་བྱ་འགུལ་འདུས། སྒྲ་དོག་འཇུག་གི་སློབ་ཚན་ནི་རིག་ཚན་ཞིག་ལ་གོ། 

2 ཁྱད་ཆོས། 

1.སློབ་ཚན་གྱི་མ་ལག་ནི་ཚན་རིག་གི་གཏན་ཚིགས་ཀྱིས་རྩ་འཛུགས་བྱས་པ་ཡིན། 

2.སློབ་ཚན་ནི་སྤྱི་ཚོགས་ཀྱི་གདམ་ག་དང་སྤྱི་ཚོགས་ཀྱི་འདོད་བློ་མཚོན་ཚུལ་ཞིག་ཡིན།

3.སློབ་ཚན་ནི་སྔོན་ལ་བརྟག་པ་ཞིག་ཡིན། 

4.སློབ་ཚན་ནི་ཕྱི་ནས་སློབ་སྦྱོང་བྱེད་མཁན་ལ་ཐུག་ཡོད་པ་མ་ཟད། སློབ་སྦྱོང་བྱེད་མཁན་གྱི་སྟེང་དུ་ཡོད་པ་རེད། 

3 བྱེད་ནུས། 

1.སློབ་གསོའི་སློབ་ཁྲིད་བྱ་འགུལ་གྱི་རྩ་བའི་གཞི་འཛིན་ས། 

2.སློབ་གྲྭའི་སློབ་གསོའི་དམིགས་འབེན་མངོན་འགྱུར་བྱེད་པའི་གཞི་རྩའི་ཐག་གཅོད་མཁན། 

3.སློབ་གྲྭའི་སློབ་ཁྲིད་བྱ་འགུལ་ཡོད་ཚད་ཀྱི་མཚམས་སྦྱོར་བ། 

4.སློབ་གྲྭར་དོ་དམ་དང་གདེང་འཇོག་བྱེད་པའི་ཚད་གཞི་འཛིན་ས། 

5.དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་གི་གཞི་འཛིན་ས་དང་། དགེ་སློབ་བར་འབྲེལ་འདྲིས་བྱེད་པའི་འབྲེལ་ཐག་ཡིན། 

6.རྒྱལ་ཁབ་ཀྱིས་སློབ་གྲྭའི་སློབ་ཁྲིད་བྱ་བར་ཞིབ་བཤེར་དང་ལྟ་རྟོག་བྱེད་པའི་གཞི་འཛིན་ས། 

7.སློབ་གསོའི་དམིགས་ཡུལ་མངོན་འགྱུར་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ངང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཐག་གཅོད་མཁན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-24

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།