མའོ་ཀྲོའུ་རྒྱལ་ཁབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མའོ་ཀྲོའུ་རྒྱལ་ཁབ།
མའོ་ཀྲོའུ་རྒྱལ་ཁབ་ནི་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་བྱང་ཤར་དང་རུ་ཧོ་ནས་བཙུགས་པའི་འདྲ་གཟུགས་སྲིད་དབང་ཞིག་སྟེ། སྤྱི་ལོ1932ལོའི་ཟླ3ཚེས་ཉིན་ཆིང་རྒྱལ་རབས་ཀྱི་སྲིད་ཁྲི་ལས་དབྱུང་བའི་གོང་མ་ཕུའུ་དབྱི་གཞན་དབང་ཅན་གྱི་སྲིད་ཁྲིར་བཀོད་ནས་མན་ཀྲོའུ་རྒྱལ་ཁབ་དངོས་སུ་བཙུགས། སྲིད་ལོ་ལ་ཏཱ་ཐོ་ཟེར་ཞིང་། རྒྱལ་ས་ཁྲང་ཁྲོན་བྱས་ཏེ་མིང་ལ་ཅིན་གསར་མ་ཞེས་བཏགས། སྤྱི་ལོ1934ལོའི་ཟླ3པར་མན་ཀྲོའུ་རྒྱལ་ཁབ་ཞེས་པ་དེ་མན་ཀྲོའུ་བཙན་རྒྱལ་ཞེས་པར་བསྒྱུར་ཞིང་། ཕུའུ་དབྱི་ལ་གོང་མ་ཟེར། སྲིད་ལོ་ཁང་ཏི་ལ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
满洲国
ཕྱི་ཡིག་གི་མིང་།
Manchukuo(英),偽満州国(日)
དུས་སྐབས།
སྤྱི་ལོ1932-1945བར།
ཁོངས་གཏོགས།
སྲིད་དབང་སྒྲིག་འཛུགས།
རྒྱལ་ཁབ་ཀྱི་དབུ་ཁྲིད།
གོང་མ། ཨའེ་ཞིན་ཅུའེ་ལུའོ་·ཕུའུ་དབྱི། ཙུང་ལི། ཀྲེང་ཞའོ་ཞུའེ། ཀྲང་ཅིན་ཧུའེ།
བསྡུས་མིང་།
བེ་མན།
རྒྱལ་ས།
ཞིན་ཅིན།
ཆབ་སྲིད་ལམ་ལུགས།
རྒྱལ་པོ་དང་རྩ་ཁྲིམས་གཉིས་ལྡན་གྱི་སྲིད་དབང་ལམ་ལུགས།
ཆོས་ལུགས་དད་མོས།
སངས་རྒྱས་ཆོས་ལུགས་དང་། ལྷ་དང་ཏའོ་ཇོ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས།
མི་རིགས་གཙོ་བོ།
རྒྱ་རིགས། མན་ཇུ་རིགས། སོག་རིགས། ཁྲའོ་ཞན་རིགས། ཧོ་རིགས།
རྒྱལ་ཁབ་ཀྱི་རྒྱ་ཁྱོན།
སྤྱི་ལེ་ངོས་གྲུ1133437
1 ​ངོ་སྤྲོད། 

མའོ་ཀྲོའུ་རྒྱལ་ཁབ་ནི་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་བྱང་ཤར་དང་རུ་ཧོ་ནས་བཙུགས་པའི་འདྲ་གཟུགས་སྲིད་དབང་ཞིག་སྟེ། སྤྱི་ལོ1932ལོའི་ཟླ3ཚེས་ཉིན་ཆིང་རྒྱལ་རབས་ཀྱི་སྲིད་ཁྲི་ལས་དབྱུང་བའི་གོང་མ་ཕུའུ་དབྱི་གཞན་དབང་ཅན་གྱི་སྲིད་ཁྲིར་བཀོད་ནས་མན་ཀྲོའུ་རྒྱལ་ཁབ་དངོས་སུ་བཙུགས། སྲིད་ལོ་ལ་ཏཱ་ཐོ་ཟེར་ཞིང་། རྒྱལ་ས་ཁྲང་ཁྲོན་བྱས་ཏེ་མིང་ལ་ཅིན་གསར་མ་ཞེས་བཏགས། སྤྱི་ལོ1934ལོའི་ཟླ3པར་མན་ཀྲོའུ་རྒྱལ་ཁབ་ཞེས་པ་དེ་མན་ཀྲོའུ་བཙན་རྒྱལ་ཞེས་པར་བསྒྱུར་ཞིང་། ཕུའུ་དབྱི་ལ་གོང་མ་ཟེར། སྲིད་ལོ་ཁང་ཏི་ལ་བསྒྱུར། 

2 ལོ་རྒྱུས་མདོར་བསྟན། 

སྤྱི་ལོ1934ལོའི་ཟླ3པར་མན་ཀྲོའུ་རྒྱལ་ཁབ་ཞེས་པ་དེ་མན་ཀྲོའུ་བཙན་རྒྱལ་ཞེས་པར་བསྒྱུར་ཞིང་། ཕུའུ་དབྱི་ལ་གོང་མ་ཟེར། སྲིད་ལོ་ཁང་ཏི་ལ་བསྒྱུར། འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་འདྲ་གཟུགས་སྲིད་དབང་དེར་བརྟེན་ནས་ཀྲུང་གོའི་བྱང་ཤར་གྱི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། རིག་གནས་སོགས་ཀྱི་དབང་ཆ་ཡོད་ཚད་བཟུང་ཞིང་། བྱང་ཤར་ས་ཁུལ་ལོ་ངོ14ཙམ་གྱི་རིང་ལ་འཇར་པན་གྱི་མི་སེར་སྤེལ་ཡུལ་དུ་གྱུར། མན་ཀྲོའུ་རྒྱལ་ཁབ་བཙུགས་མ་ཐག་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས། ཀྲུང་གོ་སྲིད་གཞུང་བཅས་ཀྱིས་ངོ་རྒོལ་ཆེན་པོ་བྱས། བྱང་ཤར་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འཇར་འགོག་དྲག་ཤུགས་རྩ་འཛུགས་བྱས་ཏེ་འཇར་པན་བཙན་རྒྱལ་རིང་ལུགས་དང་མན་ཀྲོའུ་རྒྱལ་ཁབ་ལ་རྡུང་རྡེག་ཆེན་པོ་བྱས། སྤྱི་ལོ1945ལོའི་ཟླ8ཚེས20ཉིན་འཇར་པན་མགོ་སྒུར་བ་དང་བསྟུན་ནས་མན་ཀྲོའུ་རྒྱལ་ཁབ་འཇིག་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-10

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།