ཀྲུང་ཡོན་གཡུལ་འགྱེད་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཡོན་གཡུལ་འགྱེད་ཆེན་མོ།
ཀྲུང་ཡོན་གཡུལ་འགྱེད་ནི་སྤྱི་ལོ1930ལོའི་ཟླ5ནས11བར་ཅང་ཅེ་ཧྲི་དང་ཡན་ཞི་ཧྲན། ཧྥུན་ཡུས་ཞང་། ལིས་ཙའོ་རུན་བཅས་ཀྱི་བར་དུ་བརྒྱབ་ཅིང་། ཀྲུང་གོའི་ཉེ་རབས་ལོ་རྒྱུས་སུ་གཞི་རྒྱ་ཆེས་ཆེ་བའི་དམག་ཤེད་ཅན་བར་གྱི་འཐབ་འཁྲུག་ཅིག་སྟེ“ཅང་ཡན་ཧྥུན་གཡུལ་འགྱེད་ཆེན་མོ”ཞེས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中原大战
ཕྱི་ཡིག་གི་མིང་།
Central Plains war
ས་གནས།
ཧུའུ་ནན། ཧྲན་ཏུང་། ཨེན་ཧོ། ཧུའུ་པེ་སོགས།
དུས་སྐབས།
སྤྱི་ལོ1930ལོ།
བཀོད་འདོམས་དམག་དཔོན།
ཅང་ཅེ་ཧྲི། ཡན་ཞི་ཧྲན། ཧྥིན་ཡུས་ཞང་། ལི་ཙུང་རེན།
ཁོངས་གཏོགས།
དམག་དོན།
འཐབ་ཞུགས་ཕྱོགས་ཁག
ཅང་དམག་དང་། ཧྲན་ཞིའི་དམག་དཔུང་། ནུབ་བྱང་དམག་དཔུང་། ཀོང་ཞིའི་དམག་དཔུང་། བྱང་ཤར་དམག་དཔུང་བཅས།
ལོ་རྒྱུས་དོན་སྙིང་།
ཅང་ཅེ་ཧྲིས་རྣམ་པའི་ཐོག་ནས་ཀྲུང་ཡོན་གཅིག་གྱུར་བྱས།
མཇུག་འབྲས།
ཅང་ཅེ་ཧྲིའི་དམག་དཔུང་གིས་རྒྱལ་ཁ་བླངས།
1 ​ངོ་སྤྲོད། 

ཀྲུང་ཡོན་གཡུལ་འགྱེད་ནི་སྤྱི་ལོ1930ལོའི་ཟླ5ནས11བར་ཅང་ཅེ་ཧྲི་དང་ཡན་ཞི་ཧྲན། ཧྥུན་ཡུས་ཞང་། ལིས་ཙའོ་རུན་བཅས་ཀྱི་བར་དུ་བརྒྱབ་ཅིང་། ཀྲུང་གོའི་ཉེ་རབས་ལོ་རྒྱུས་སུ་གཞི་རྒྱ་ཆེས་ཆེ་བའི་དམག་ཤེད་ཅན་བར་གྱི་འཐབ་འཁྲུག་ཅིག་སྟེ“ཅང་ཡན་ཧྥུན་གཡུལ་འགྱེད་ཆེན་མོ”ཞེས་ཀྱང་ཟེར། 

2 ལོ་རྒྱུས་མདོར་བསྟན། 

སྤྱི་ལོ1930ལོའི་ལོ་མགོར་ཡན་ཞི་ཧྲན་དང་ཧྥུན་ཡུས་ཞང་། ལིས་ཙའོ་རུན་བཅས་ཀྱིས་རང་ཉིད་ཀྱི་དམག་དཔུང་བསྡུས་ཏེ། ཡན་ཞི་ཧྲན་དེ་ཀྲུང་ཧྭ་མིན་གོའི་སྐམ་མཚོ་མཁའ་དམག་གསུམ་གྱི་སྤྱི་ཁྱབ་སི་ལིན་ལ་བསྐོས་ཤིང་དམག་དོན་བཀོད་སྒྲིག་བྱས་ཏེ་ཅང་ཅེ་ཧྲིའི་དབང་བསྒྱུར་གཏོར་རྒྱུའི་གྲ་སྒྲིག་བྱས། ལོ་དེའི་ཟླ4པར་ཕྱོགས་གཉིས་ཀས་དམག་མི་ཁྲི100ཙམ་བསྡུས་ནས་ཧོ་ནན་ཤར་ཁུལ་དང་ཨན་ཧུའེ་བྱང་ཁུལ།  ཧྲན་ཏུང་ནུབ་ཁུལ་དུ་འཐབ་འཁྲུག་བྱས། གཡུལ་ས་གཙོ་བོ་ཀྲུང་ཡོན་ནས་བརྒྱབ་པས“ཀྲུང་ཡོན་གཡུལ་འཁྲུག་ཆེན་མོ”ཞེས་ཟེར། དང་ཐོག་ཡན་ཕྱོགས་ཀྱི་དམག་དཔུང་གིས་རྒྱལ་ཁ་བླངས། ཡིན་ནའང་ཡན་ཞི་ཧྲན་གྱི་ལྕིན་དམག་དང་ནུབ་བྱང་དམག་བར་འགྲིག་མཐུན་མ་ཡོང་པས་ཅང་ཅེ་ཧྲིའི་དམག་དཔུང་གིས་ཕམ་པར་བཏང་།  ཟླ9ཚེས18ཉིན་ཀྲང་ཞུའེ་ལིང་གིས་ཅང་ཅེ་ཧྲིའི་བསླུ་བྲིད་འོག་བར་འདུམ་གྱི་ཁ་གཡར་ནས་འགག་སྒོ་རུ་དམག་དྲངས་ཏེ་ཅང་ཅེ་ཧྲི་ལ་རྒྱབ་སྐྱོར་བྱས། ཟླ11པར་འཐབ་འཁྲུག་གི་མཇུག་བསྒྲིལ་བ་དང་ཅང་ཅེ་ཧྲིས་རྒྱལ་ཁ་བླངས་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-10

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།