སྐད་ཡིག་འཁྲིད་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་ཡིག་འཁྲིད་ཐབས།
སྐད་ཡིག་གི་སློབ་ཁྲིད་བྱེད་ཐབས་དེང་རབས་ཅན་དང་འཛམ་གླིང་ཅན་དུ་ཇི་ལྟར་ཁ་ཕྱོགས་དགོས་ཤེ་ན། བོད་རང་གི་སྐད་ཡིག་དང་སྲོལ་རྒྱུན་གྱི་སློབ་གསོ་རིག་པའི་རྨང་གཞིའི་སྟེང་ནས་དེང་རབས་ཀྱི་བསླབ་གཞི་གསར་བའི་འཁྲིད་ཐབས་གསར་བར་ཤུགས་སྣོན་བྱས་ཏེ། དུས་རབས་དང་འཚམ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སློབ་མ་འཚར་ལོངས་འབྱུང་བའི་ཕྱོགས་སུ་གང་ནུས་ཀྱིས་འབད་པ་བྱེད་དགོས།
གཞི་རྩའི་གནས་ཚུལ།

སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
ཁྱབ་ཁོངས།
ཆུང་འབྲིང་སློབ་མ།
1 ​ངོ་སྤྲོད།

སྐད་ཡིག་གི་སློབ་ཁྲིད་བྱེད་ཐབས་དེང་རབས་ཅན་དང་འཛམ་གླིང་ཅན་དུ་ཇི་ལྟར་ཁ་ཕྱོགས་དགོས་ཤེ་ན། བོད་རང་གི་སྐད་ཡིག་དང་སྲོལ་རྒྱུན་གྱི་སློབ་གསོ་རིག་པའི་རྨང་གཞིའི་སྟེང་ནས་དེང་རབས་ཀྱི་བསླབ་གཞི་གསར་བའི་འཁྲིད་ཐབས་གསར་བར་ཤུགས་སྣོན་བྱས་ཏེ། དུས་རབས་དང་འཚམ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སློབ་མ་འཚར་ལོངས་འབྱུང་བའི་ཕྱོགས་སུ་གང་ནུས་ཀྱིས་འབད་པ་བྱེད་དགོས།

2 འཁྲིད་ཐབས། 
2_1 སྤྱིར་བཏང་གི་འཁྲིད་ཐབས། 

བསླབ་གཞི་གསར་བའི་འཁྲིད་ཐབས་ཀྱི་ཉམས་མྱོང་དང་རང་གི་ཕུལ་དུ་བྱུང་བའི་ཁྲིད་རྒྱུན་གྱི་རྨང་གཞིའི་སྟེང་ནས་འཁྲིད་ཐབས་ཀྱི་རྣམ་པ་དང་སྐད་ཡིག་གི་ཁྱད་ཆོས་གཞིར་བཟུང་སྟེ། སྤྱིར་བཏང་དུ་འཁྲིད་ཐབས་རིགས་དུ་མར་བཀར་ན། སྐད་ཆའི་བརྡ་སྤྲོད་ཐབས་དང་དངོས་སུ་ལག་ལེན་བྱེད་ཐབས། དཔྱད་བརྗོད་ཐབས་བཅས་གཙོ་བོ་བྱས་ཏེ་སློབ་མའི་རྒྱུད་ལ་ཤེས་བྱ་མང་པོ་ཞིག་འཇོག་ཅི་ཐུབ་བྱེད་དགོས།

2_2 བཤད་བརྗོད་ཀྱི་ཐབས།

དགེ་རྒན་གྱིས་སློབ་མ་རྣམས་ལ་དོན་དངོས་ཀྱི་དཔྱད་གཞི་ཞིབ་ཏུ་བརྗོད་པའམ་ཡང་ན་བརྗོད་གཞིའི་ནང་དོན་དང་། ཁོར་ཡུག གནས་བབ་བཅས་བརྗོད་སྐབས། རྩོམ་ཡིག་གི་རྒྱབ་ལྗོངས་སམ་རྩོམ་པ་པོའི་དགོངས་དོན་དང་། རྩོམ་འབྲིའི་དམིགས་འབེན། སྤྱི་ཚོགས་ཀྱི་ལེགས་ཉེས་ལ་བླང་དོར་གྱི་དབྱེ་བ་ཇི་འདྲ་ལྡན་མིན་ལ་གདེང་འཇོག་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་དང་། རིམ་གྱིས་རྩོམ་གྱི་འབྲེལ་ཡོད་ཤེས་བྱ་དང་གཏམ་རྒྱུད་བཅས་མཚམས་སྦྱོར་བྱས་ཏེ། སློབ་མའི་སྤྲོ་སྣང་དང་འཆར་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

2_3 འགྲེལ་བཤད་ཀྱི་ཐབས།

དགེ་རྒན་གྱིས་བརྡ་དང་ཐ་སྙད། རྩོམ་ཡིག་གི་ནང་དོན། རྩོམ་པའི་ཐབས་བཅས་ལ་འགྲེལ་བ་རྒྱག་པ་དང་གསལ་བཤད་བྱེད་པ། སློབ་མ་རྣམས་ལ་སློབ་ཚན་གྱི་ནང་དོན་ལ་གོ་བ་ལེན་ཐབས་དང་དོན་རྟོགས་ཐབས་ཀྱི་རིག་པའི་སྒོ་མོ་ཡངས་པོར་འབྱེད་དགོས།

2_4 གཏམ་བཤད་ཀྱི་ཐབས།

གཏམ་བཤད་ཅེས་པ་ནི་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ནང་དོན་ལྟར། ཁ་བྱང་བདམས་ནས་སློབ་མས་གཏམ་བཤད་ཀྱི་ནུས་པ་སྦྱོང་བའི་ཐབས་ཤིག་ཡིན། དེ་ཡང་རང་སྣང་གང་འདོད་ཀྱིས་བཤད་པ་ཞིག་མ་ཡིན་པར་བརྗོད་དོན་དེ་ཚན་རིག་དང་མཐུན་པའི་བསམ་བློའི་རང་བཞིན་ལྡན་དགོས་ལ། གནས་བབ་ཀྱི་སྣང་ཚུལ་མཚོན་པ་དང་དོན་དག་ཞིབ་ཏུ་བརྗོད་པ། ཡང་ན་དོན་སྤྱི་འགྲེལ་བཤད། གཞི་རྩའི་རིག་པ་སོགས་གནད་ལ་ཁེལ་བ་དང་ཁུངས་བཙུན་པ། སླ་བ་ནས་དཀའ་བ། རགས་པ་ནས་ཟབ་པ། བསྡུས་པ་ནས་རྒྱས་པའི་བར་བཅས་རིམ་པ་བཞིན་འཕེལ་རྒྱས་སུ་གཏོང་དགོས།

2_5 ཀློག་དང་གདེང་འཇོག་གི་ཐབས།

དགེ་རྒན་གྱི་མཛུབ་སྟོན་འོག་ཀློག་ལ་རགས་ཀློག་དང་ཞིབ་ཀློག ཁོག་འདོན་བྱེད་པ། གདངས་སུ་གྱེར་ནས་ཀློག་ཐབས་སོགས་རིགས་དུ་མ་ཡོད། གཙོ་བོ་སློབ་མའི་བསམ་གཞིག་དང་འཆར་ཡན་གྱི་ནུས་པ་བསྐྱེད་ཐབས་ཤིག་ཡིན་ལ། སློབ་མའི་སྐད་ཆའི་ནུས་པ་དང་འགྲེལ་བཤད། གཏམ་གླེང་། ཀློག་གི་ནུས་པ་བཅས་ལ་དགེ་རྒན་གྱིས་གདེང་འཇོག་ནན་མོ་བྱེད་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-08

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།