སེམས་ཁམས་འཕྲོད་བསྟེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེམས་ཁམས་འཕྲོད་བསྟེན།
སེམས་ཁམས་འཕྲོད་བསྟེན་ལ་བསམ་པའི་འཕྲོད་བསྟེན་ཡང་ཟེར། དེ་ནི་སེམས་ཁམས་བདེ་ཐང་ཡོང་བའི་དམིགས་ཡུལ་གྱི་ཐབས་ཤེས་དང་བྱེད་ཐབས་ཤིག་ཡིན། སེམས་ཁམས་བདེ་ཐང་ཟེར་བ་ནི་རང་ཉིད་ཀྱི་འཚོ་བ་ལ་གོམས་པ་ལས་མངོན་ཡོང་བའི་འགྲིག་མཐུན་གྱི་རྣམ་པ་ཞིག་ལ་བྱ་ཞིང་། སེམས་ཁམས་འཕྲོད་བསྟེན་ནི་མིའི་རིགས་ཀྱིས་ཇི་ལྟར་སེམས་ཁམས་བདེ་ཐང་སྲུང་སྐྱོང་དང་། རྒྱུན་འཁྱོངས། ཇེ་ལེགས་སུ་འགྲོ་བ། སེམས་ཁམས་རྒྱུན་ལྡན་མ་ཡིན་པ་སྔོན་འགོག་དང་ནད་གསོ་བ། ཁོར་ཡུག་དང་འཕྲོད་འབྱོར་ལེགས་པོ་ཡོང་བར་སྐུལ་འདེད་དང་། རྟོག་པ་འོག་འགྱུའི་ནུས་པ་འདོན་སྤེལ་གྱི་རྩ་དོན་དང་བྱེད་ཐབས་བཅས་ལ་བགྲོ་གླིང་བྱེད་པའི་རིག་པ་ཞིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
心理卫生
རྩ་འཛུགས་མཁན།
འཛམ་གླིང་སེམས་ཁམས་འཕྲོད་བསྟེན་མཉམ་འབྲེལ་ལྷན་ཚོགས་སོགས།
ཕྱི་ཡིག་གི་མིང་།
mentalhygiene; psychophylaxis; psychorophylaxis
1 ​ངོ་སྤྲོད།

སེམས་ཁམས་འཕྲོད་བསྟེན་ལ་བསམ་པའི་འཕྲོད་བསྟེན་ཡང་ཟེར། དེ་ནི་སེམས་ཁམས་བདེ་ཐང་ཡོང་བའི་དམིགས་ཡུལ་གྱི་ཐབས་ཤེས་དང་བྱེད་ཐབས་ཤིག་ཡིན། སེམས་ཁམས་བདེ་ཐང་ཟེར་བ་ནི་རང་ཉིད་ཀྱི་འཚོ་བ་ལ་གོམས་པ་ལས་མངོན་ཡོང་བའི་འགྲིག་མཐུན་གྱི་རྣམ་པ་ཞིག་ལ་བྱ་ཞིང་། སེམས་ཁམས་འཕྲོད་བསྟེན་ནི་མིའི་རིགས་ཀྱིས་ཇི་ལྟར་སེམས་ཁམས་བདེ་ཐང་སྲུང་སྐྱོང་དང་། རྒྱུན་འཁྱོངས། ཇེ་ལེགས་སུ་འགྲོ་བ། སེམས་ཁམས་རྒྱུན་ལྡན་མ་ཡིན་པ་སྔོན་འགོག་དང་ནད་གསོ་བ། ཁོར་ཡུག་དང་འཕྲོད་འབྱོར་ལེགས་པོ་ཡོང་བར་སྐུལ་འདེད་དང་། རྟོག་པ་འོག་འགྱུའི་ནུས་པ་འདོན་སྤེལ་གྱི་རྩ་དོན་དང་བྱེད་ཐབས་བཅས་ལ་བགྲོ་གླིང་བྱེད་པའི་རིག་པ་ཞིག་ཡིན་ནོ། །


2 དགེ་མཚན།

སེམས་ཁམས་བདེ་ཐང་ལ་ཡར་སྐུལ་དང་། རང་གཤིས་འཐུས་ཚང་དུ་གཏོང་བ་དང་སྦྱོང་བརྡར་བྱ་བ་དེ་ཡིན།

3 ཚད་གཞི།

གཅིག དངོས་ཡོད་གནས་ཚུལ་ལ་དོ་སྣང་བྱེད་པ། ཁོར་ཡུག་དང་འཕྲོད་འབྱོར། རྒྱུན་ལྡན་གྱི་ཤེས་རྟོགས་བྱ་འགུལ་ཡོད་པ།

གཉིས། རང་རྟོགས་རང་བཞིན་གྱི་འདུ་ཤེས་གསལ་བ། 

གསུམ། བརྟན་འཇགས་དང་སྤྲོ་སྣང་གི་སེམས་ཤུགས་ལྡན་པ།

བཞི། གཞན་དང་དགེ་མཚན་ལྡན་པའི་འབྲེལ་བ་འཛུགས་ཐུབ་པ། 

ལྔ། སློབ་སྦྱོང་དང་བྱ་བར་སྤྲོ་སྣང་ལྡན་པ། 

དྲུག བྱ་སྤྱོད་མཐུན་འགྲིག་དང་ཚུར་སྣང་རན་པ། 

བདུན། བསམ་པའི་ཁྱད་ཆོས་ལོ་ཚོད་ཀྱི་ཁྱད་རྟགས་དང་འཚམ་པ་བཅས་སོ། །                                                              


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།