ཐང་ཕྲོམ་དཀར་པོ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཐང་ཕྲོམ་དཀར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྐྱེ་དངོས།)

ཐང་ཕྲོམ་དཀར་པོ།
རྩ་བ་དཀར་པོ་སྦོམ་ལ་རྒྱས་པ་ཡན་ལག་ས་གཏིང་དུ་ཐད་ཀར་ཟུག་ཅིང་། ངར་པ་ཐུང་བ་ས་ངོས་ལས་མི་འཕགས་པ། ལོ་མ་ལྗང་དཀར་གཉེར་མཐུག་ནར་རིང་སྒྲོ་དབྱིབས་མཐའ་གྱ་གྱུར་མང་ཞིང་ཉག་ཆུང་རེ་གཉིས་ཙམ་ཡོད་པ་ས་ངོས་སུ་པད་གདན་ལྟར་བགྲད་ཡོད། ཟླ6-7པར་མེ་ཏོག་སེར་དཀར་རྟ་དྲིལ་དབྱིབས་ཕྱེད་ཆ་གོས་ཀྱིས་གཏུམས་པ་འཆར་ཞིང་། གང་བུ་ལྗང་དཀར་ཐང་ཁུག་འདྲ་བ་ཟུར་རྩིབ་མང་ཞིང་དྲྭ་བའི་རྩ་རིས་ཅན་གྱི་ནང་འབྲས་བུ་ཁམ་ནག་མཁལ་དབྱིབས་ལེབ་མོ་མང་པོ་ཡོད་པ་དང་། འཁྲུངས་དཔེར། གངས་ཀྱི་ཐང་ཕྲོམ་བྱ་བ་ནི༎ གཡའ་རི་སྤང་མཚམས་ལ་ཁར་སྐྱེ༎ རྩ་བ་སྦོམ་ལ་སྡོང་པོ་མེད༎ ལོ་མ་གཉེར་མཐུག་ས་གཞི་མནན༎ མེ་ཏོག་དཀར་ལ་སེར་ཁ་ཅན༎ གོང་བུ་རས་དཀར་ཁུག་མ་འདྲ༎ འབྲས་བུ་ནག་ཞིབ་མཁལ་མའི་དབྱིབས༎ སྣུམ་པའི་རང་བཞིན་སྨིན་པ་ཡིན༎ ནུས་པས་གཉན་ནད་གག་ལྷོག་འཇོམས༎ ཞེས་གསུངས་སོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马尿泡
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

ཐང་ཕྲོམ་དཀར་པོ། དཀར་པོ་ལ་རྒོད་གཡུང་གཉིས་ཏེ། འདི་མཚོ་ངོས་ལས་སྨི3900-4700བར་གྱི་འབྲོག་ཁུལ་གྱི་ས་ནག་དང་། སྤང་རི། བྱེ་ཐང་། མཚེར་ས་སོགས་སུ་འཁྲུངས་སོ༎ རྩ་བ་དཀར་པོ་སྦོམ་ལ་རྒྱས་པ་ཡན་ལག་ས་གཏིང་དུ་ཐད་ཀར་ཟུག་ཅིང་། ངར་པ་ཐུང་བ་ས་ངོས་ལས་མི་འཕགས་པ། ལོ་མ་ལྗང་དཀར་གཉེར་མཐུག་ནར་རིང་སྒྲོ་དབྱིབས་མཐའ་གྱ་གྱུར་མང་ཞིང་ཉག་ཆུང་རེ་གཉིས་ཙམ་ཡོད་པ་ས་ངོས་སུ་པད་གདན་ལྟར་བགྲད་ནས་སྐྱེ་ཡོད། འཁྲུངས་དཔེར། གངས་ཀྱི་ཐང་ཕྲོམ་བྱ་བ་ནི༎ གཡའ་རི་སྤང་མཚམས་ལ་ཁར་སྐྱེ༎ རྩ་བ་སྦོམ་ལ་སྡོང་པོ་མེད༎ ལོ་མ་གཉེར་མཐུག་ས་གཞི་མནན༎ མེ་ཏོག་དཀར་ལ་སེར་ཁ་ཅན༎ གོང་བུ་རས་དཀར་ཁུག་མ་འདྲ༎ འབྲས་བུ་ནག་ཞིབ་མཁལ་མའི་དབྱིབས༎ སྣུམ་པའི་རང་བཞིན་སྨིན་པ་ཡིན༎ ནུས་པས་གཉན་ནད་གག་ལྷོག་འཇོམས༎ ཞེས་གསུངས་པ་འདི་རྒོད་པ་དང་། གཉན་སྲིན་སྐབས་ཀྱི་དཀར་པོ་ཆིག་ཐུབ་ཡིན། གཡུང་བ་ཁ་ཤོག་པ་ཞེས་སྤང་དང་ས་ནག་འདྲེས་མ་དང་། བྲ་ཁུང་གི་སྒོ། ཕྱུགས་ལྷས་རྙིང་པ་སོགས་སུ་སྐྱེ་བ་ཡིན། རྩ་བ་དཀར་པོ་རྐང་གཅིག་མཛུབ་མོ་ཙམ་ལ་ལོ་མ་མཐུག་པོ་གཉེར་སྤུ་རྩུབ་ཐུང་ངུ་ཡོད་པ་གོང་མ་ལྟར་ས་ངོས་སུ་བགྲད་ནས་སྐྱེ་བ་ཕལ་ཆེར་ལག་པའི་འཁོར་རྒྱ་ཙམ་པར་མེ་ཏོག་སེར་དཀར་འཆར་ཞིང་། ཟླ་བ8-9པར་འབྲས་བུ་ལྗང་དཀར་རིལ་མོ་མཛུབ་མགོ་ཙམ་མངར་ཁུ་འབྱར་བག་ཅན་དང་ས་བོན་དཀར་སེར་མཁལ་དབྱིབས་ཡུང་དཀར་གྱི་འབྲུ་ཙམ་འབྲུམ་རིས་ཅན་མང་པོ་འདྲེས་ནས་གང་བ་བཞི་ལྔ་ཙམ་འདོགས་པ། འཁྲུངས་དཔེར། ད་བྱིད་དཀར་པོ་ཁ་ཤོག་པ༎ སྤང་ལྗོངས་ཕྱུགས་ལྷས་རྙིང་པར་སྐྱེ༎ རྩ་བ་ཕྲ་ལ་ལོ་མ་སྲབ༎ ལོ་མས་ས་མནན་མཉེན་ལ་ཆུང་༎ མེ་ཏོག་དཀར་སེར་སྲབ་ལ་སྙོམས༎ གོང་བུ་དཀར་འཇམ་སྔོ་མདངས་ཅན༎ འབྲས་བུ་དཀར་ཞིབ་རིང་བསྲེལ་འདྲ༎ འབྱར་བག་ཁུ་བའི་དབང་པོས་གང་།། ཞེས་གསུངས་སོ༎ སྨན་དུ་སྦྱར་བྱ་ནི། རྒོད་པའི་རྩ་བ་ཟླ་བ10-11པར་བརྐོས་ནས་ས་དྲེག་མེད་པར་བྱས་ནས་གཤག་གཏུབ་ཅི་བདེར་བྱ་བ་དང་། འབྲས་བུ་ཟླ་བ8-9པར་བཏུས་ནས་སོ་སོར་སྐམ་གསེད་ལེགས་ཚགས་བྱ། གཡུང་བའི་འབྲས་བུ་ཡང་དུས་དེར་བཏུས་ནས་རས་སྐུད་ལ་ཕྲེང་བ་ལྟར་བརྒྱུས་ནས་ཉི་རླུང་ཕོག་སར་མ་རུལ་བར་སྐམ་ཚགས་བྱ། འདི་གཉན་སྲིན་སྐབས་ཀྱི་དཀར་པོ་ཆིག་ཐུབ་སྟེ། དུག་ནད་སྐབས་ཀྱི་དཀར་པོ་ཆིག་ཐུབ་དཔའ་བོ་ཆེན་པོ་སོགས་གྲེས་མའི་སྐབས་སུ་ཤེས་པར་བྱའོ༎ རོ་མངར་ཁ། ཞུ་རྗེས་བསིལ། ནུས་པས་གཉན་ནད་གག་ལྷོག་འཇོམས། རྒྱུ་ལོང་ལ་སོགས་སྣོད་ཀྱི་སྲིན་བུ་གསོད། རོ་ཙ། འདོད་པ་འཕེལ། ཁྱད་པར་གཡུང་བའི་འབྲས་བུས་འདོད་པ་འཕེལ་ཞིང་རོ་ཙ་མྱུར།

2 སྐྱེ་གནས།

བོད་ལྗོངས་ཀྱི་སྤོ་བོ་དང་། ཉིང་ཁྲི་སོགས་ཀྱི་ཆུ་འགྲམ་དང་། འདམ་རྫབ། འཁྱིལ་ཆུའི་ནང་དུ་སྐྱེ།

3 ཉར་ཐབས།

རྒོད་པའི་རྩ་བ་ཟླ་བ10-11པར་བརྐོས་ནས་ས་དྲེག་མེད་པར་བྱས་ནས་གཤག་གཏུབ་ཅི་བདེར་བྱ་བ་དང་། འབྲས་བུ་ཟླ་བ8-9པར་བཏུས་ནས་སོ་སོར་སྐམ་གསེད་ལེགས་ཚགས་བྱ། གཡུང་བའི་འབྲས་བུ་ཡང་དུས་དེར་བཏུས་ནས་རས་སྐུད་ལ་ཕྲེང་བ་ལྟར་བརྒྱུས་ནས་ཉི་རླུང་ཕོག་སར་མ་རུལ་བར་སྐམ་ཚགས་བྱ། 

4 ངོ་བོ།

རོ་མངར་ཁ། ཞུ་རྗེས་བསིལ།

5 ཕན་ནུས།

ནུས་པས་གཉན་ནད་གག་ལྷོག་འཇོམས། རྒྱུ་ལོང་ལ་སོགས་སྣོད་ཀྱི་སྲིན་བུ་གསོད། རོ་ཙ། འདོད་པ་འཕེལ། ཁྱད་པར་གཡུང་བའི་འབྲས་བུས་འདོད་པ་འཕེལ་ཞིང་རོ་ཙ་མྱུར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།