རི་བོ་ཡུན་ཞེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རི་བོ་ཡུན་ཞེན།
རི་བོ་ཡུན་ཞེན་ནི་ཁྲང་ཆི་རྫོང་གི་ཏའོ་ཡོན་ཕྱེད་གླིང་གི་དཀྱིལ་དབུས་ཀྱི་མེ་རི་ཞིག་ཡིན། སྤྱིར་བཏང་དུ་དེ་ནི་རི་བོ་མང་པོ་ཞིག་གི་སྤྱི་མིང་ཡིན། ངག་རྒྱུན་དུ་དེ་ནི་སློབ་དཔོན་ཞིང་ཅིས་གནས་དེ་རུ་ཐེག་ཆེན་གྱི་དགོན་པ་ཞིག་བཏབ་པ་དང་། དགོན་པ་དེའི་མིང་ལ་རི་བོ་ཆུ་ཚན་དུའང་འབོད། དེའི་རྗེས་སུ་ཡུན་ཞེན་ཞེས་པ་རི་བོའི་དད་པའི་སྟོབས་ཀྱིས་དར་རྒྱས་སུ་ཕྱིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云仙岳
ཕྱི་ཡིག་གི་མིང་།
Unzen,Mount
གནས་ཡུལ།
ཁྲང་ཆི་རྫོང་གི་ཏའོ་ཡོན་ཕྱེད་གླིང་གི་དཀྱིལ་དབུས།
ཁོངས་གཏོགས།
འཕྱུར་མེད་མེ་རི།
1 ངོ་སྤྲོད།

རི་བོ་ཡུན་ཞེན་ནི་ཁྲང་ཆི་རྫོང་གི་ཏའོ་ཡོན་ཕྱེད་གླིང་གི་དཀྱིལ་དབུས་ཀྱི་མེ་རི་ཞིག་ཡིན། སྤྱིར་བཏང་དུ་དེ་ནི་རི་བོ་མང་པོ་ཞིག་གི་སྤྱི་མིང་ཡིན། ངག་རྒྱུན་དུ་དེ་ནི་སློབ་དཔོན་ཞིང་ཅིས་གནས་དེ་རུ་ཐེག་ཆེན་གྱི་དགོན་པ་ཞིག་བཏབ་པ་དང་། དགོན་པ་དེའི་མིང་ལ་རི་བོ་ཆུ་ཚན་དུའང་འབོད། དེའི་རྗེས་སུ་ཡུན་ཞེན་ཞེས་པ་རི་བོའི་དད་པའི་སྟོབས་ཀྱིས་དར་རྒྱས་སུ་ཕྱིན།

རི་བོ་ཡུན་ཞེན་གྱི་རི་འདབས་སུ་སྐད་གྲགས་ཅན་གྱི་ཡུན་ཞེན་ཆུ་ཚན་ཡོད་པ་དང་། ཆུ་ཚན་ཁྲོད་དུ་རླངས་པ་ཐུལ་ཐུལ་གྱི་ཆུ་དྲོན་མོ་ཡོད་པ་རེད། མུ་ཟི་སེར་པོའི་གྲུབ་ཆའི་ཚད་ཧ་ཅང་མཐོ་བའི་རྐྱེན་གྱིས་དེ་སྐྱེ་དངོས་མི་སྐྱེས་པས། “དམྱལ་ཁམས་ཡུན་ཞེན”ཞེས་པའི་མིང་ཡང་ཡོད། སྨུ་སྒར་དུས་རབས་སུ་དེ་ནི་གནམ་བདག་ཆོས་ལུགས་པ་དག་གིས་ཆོས་ལུགས་ཀྱི་དོན་དུ་རང་སྲོག་ཤོར་བའི་གནས་ཡིན་པས། ད་ལྟའི་བར་དུའང་ཡིད་སྐྱོ་བའི་ངག་རྒྱུན་མང་པོ་ཡོད་པ་རེད།

རི་བོ་ཡུན་ཞེན་ནི་སྤྱི་ལོ1792ལོར་ཐེངས་གཅིག་ལ་འཕྱུར་མྱོང་བ་དང་། དེ་དུས་མི15000ལྷག་རྐྱེན་ལམ་དུ་ཤོར། དེ་ནི་འཇར་པན་གྱི་ལོ་རྒྱུས་སྟེང་གི་ཆེས་ཚབ་ཆེ་བའི་མེ་རིའི་གནོད་སྐྱོན་ཞིག་ཡིན། དེའི་རྗེས་ཀྱི་སྤྱི་ལོ1991ལོའི་ཟླ6པའི་ཚེས3ཉིན་ཡང་བསྐྱར་མེ་རི་འཕྱུར་བས་ཁྱིམ་ཚང་ཁྲི་སྟོང་མང་པོ་གནས་སྤོར་བྱེད་དགོས་བྱུང་བ་དང་།  གསར་འགོད་པ་དང་མེ་རིའི་ཆེད་མཁས་པ། མེ་གསོད་རུ་མི་དང་ཉེན་རྟོག་པ་སོགས་མང་པོ་ཞིག་རྐྱེན་ལམ་དུ་ཤོར། 


བརྡ་འགྲེལ་གདོང་འཛར།

གནས་རི། གནས་མཆོག འཇར་པན། ས་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།