རྒྱལ་པོ་རེ་རལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་པོ་རེ་རལ།
རྩ་བ་ལྗང་གུ་སྤུ་འཇམ་ཁམ་སེར་གྱིས་གཡོགས་པ། དབྱིབས་ངེས་མེད་སྒ་སྐྱ་འདྲ་བ་སྦོམ་ལ་རགས་པ་ས་འོག་ནས་འཕྲེད་ཉལ་དུ་ཡོད་པ་ལས། སྒྲོ་དབྱིབས་ཀྱི་ལོ་མ་ལྗང་གུ་གཡས་གཡོན་ནས་ཉག་ཆེན་མང་པོ་རེས་མོས་ཅན་ལ་སྟོད་ཆའི་ལོ་ཕྲན་གྱི་རྒྱབ་ངོས་སུ་འབྲུམ་ཐིག་ལྗང་སེར་སྟར་པ་གཉིས་རེ་ཡོད་པའི་ལོ་རྐང་མང་པོ་རྫོབ་སྟེ་སྐྱེས་པའི་མཐོ་ཚད་སྨི0.15-0.5ཙམ་ཟིན་པ་དང་། འཚོ་བཅུད་ལོ་མ་སྒྲོ་དབྱིབས་ཉག་ཆུང་ཅན་ཁ་དོག་ཁམ་སེར་ལོ་མ་དངོས་ལས་ཉུང་ཞིང་ཆུང་ལ་ཐུང་བ་བཅས་ལོ་མ་རིགས་གཉིས་ཡོད་པ་དེའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

འཁྲུངས་དཔེར། རྒྱལ་པོ་རེ་རལ་ཉིན་གྱི་བྲག་ལས་སྐྱེ༎ ལོ་མ་མེ་ལྕེ་མཆེད་པ་འདྲ༎ རྩ་བ་སྤྲེའུའི་མཇུག་མ་འདྲ༎ རོ་ནི་ཅུང་ཟད་མངར་བ་ཡིན༎ ཞེས་གསུངས་སོ༎ རྩ་བ་ལྗང་གུ་སྤུ་འཇམ་ཁམ་སེར་གྱིས་གཡོགས་པ། དབྱིབས་ངེས་མེད་སྒ་སྐྱ་འདྲ་བ་སྦོམ་ལ་རགས་པ་ས་འོག་ནས་འཕྲེད་ཉལ་དུ་ཡོད་པ་ལས། སྒྲོ་དབྱིབས་ཀྱི་ལོ་མ་ལྗང་གུ་གཡས་གཡོན་ནས་ཉག་ཆེན་མང་པོ་རེས་མོས་ཅན་ལ་སྟོད་ཆའི་ལོ་ཕྲན་གྱི་རྒྱབ་ངོས་སུ་འབྲུམ་ཐིག་ལྗང་སེར་སྟར་པ་གཉིས་རེ་ཡོད་པའི་ལོ་རྐང་མང་པོ་རྫོབ་སྟེ་སྐྱེས་པའི་མཐོ་ཚད་སྨི0.15-0.5ཙམ་ཟིན་པ་དང་། འཚོ་བཅུད་ལོ་མ་སྒྲོ་དབྱིབས་ཉག་ཆུང་ཅན་ཁ་དོག་ཁམ་སེར་ལོ་མ་དངོས་ལས་ཉུང་ཞིང་ཆུང་ལ་ཐུང་བ་བཅས་ལོ་མ་རིགས་གཉིས་ཡོད་པ་དེའོ།།

2 སྐྱེ་གནས།

དང་པོ་ལྡུམ་བུ་རེ་རལ་ནི་ལྗོངས་ཡོངས་ཀྱི་སྨི3600མན་གྱི་རོང་ཀླུང་དང་། ནགས་ཚལ། ཤིང་གསེབ་དང་བྲག་སྲུབ་སོགས་སུ་འཁྲུངས་སོ༎

3 སྦྱར་བྱ།

སྤྱི་ཟླ་བརྒྱད་པ་ནས་བཅུ་བའི་བར་རྩ་བ་བརྐོ་དགོས།

4 དུག་འདོན།

རྩ་བའི་སྤུ་རྣམས་ལེགས་པར་བསལ་ཞིང་གཙང་མར་བཀྲུས་ཏེ་སྐམ་གསེད་བྱ།

5 ངོ་བོ།

རོ་ཁ་ལ་བསྐ་བ། ངོ་བོ་ཅུང་བསིལ།

6 ཕན་ནུས།

ཤ་དུག་སྦྱར་དུག་སེལ། རང་བྱུང་པས། སྤྲེའུ་མཇུག་དུག་ཚད་ཀུན་ལ་ཕན། ཞེས་པའོ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།