ཟི་ར།
རྒྱ་ཡིག 葛缕子干籽
དབྱིན་ཡིག caraway
1.དག་ཡིག་གསར་བསྒྲིགས་ལས། ལོ་མང་སྐྱེ་བའི་རྩྭ་ལྡུམ་རིགས་གཉིས་ཀྱི་སྤྱི་མིང་སྟེ། གཞུང་རྟ་དྲང་བོར་སྐྱེས་པའི་རྐེད་ལ་ལོ་མ་འཁོར་ལོ་ལྟར་སྐྱེས་ཤིང་། མེ་ཏོག་ཆུན་པོ་གདུགས་དབྱིབས་ཅན་འདབ་མ་སེར་བོ་ལ་ཟི་ར་དཀར་བོ་དང་འདབ་མ་སྔོན་པོ་ལ་ཟི་ར་ནག་པོ་ཟེར། ས་བོན་ཏིལ་འབྲུ་དང་དབྱིབས་མཚུངས་པ་ཞིག་ཡིན་ཞིང་སྨན་བྱེད་ཆོག
2.བརྡ་དག་མིང་ཚིག་གསལ་བ་ལས། ཟི་ར་དཀར་པོ་དང་ནག་པོ། 芫荽,黑白两种芫荽。【增】中亚细亚的葛缕子的种子。﹝达﹞
3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ①མེ་སྟག 火花:ལྕགས་དམར་ལ་ཐོ་བ་རྒྱག་དུས་ཟི་ར་འཚུབ་པ། 打热铁火花迸发。②སྔོ་སྨན་ཟི་ར་དཀར་པོ་དང་ཟི་ར་ནག་པོའི་སྤྱི་མིང༌། 野小茴和箭头唐松草的通称。
4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག ①མེ་སྟག་སྟེ། དཔེར་ན། ལྕགས་དམར་ལ་ཐོ་བ་རྒྱག་དུས་ཟི་ར་འཚུབ་ཅེས་པ་ལྟ་བུ། ②སྔོ་སྨན་ཟི་ར་དཀར་པོ་དང་ཟི་ར་ནག་པོའི་སྤྱི་མིང༌། ③རྒྱ་གར། ལེགས་སྦྱར་སྐད་ཀྱི་སྤོད་ཀྱི་སྤྱི་མིང་དུ་ཛི་ར་ཞེས་ཟེར་བ་དེའི་སྒྲ་ཟུར་ཆགས་པའི་སྔོ་སྨན་ཞིག་གི་མིང༌།
- 1 《དག་ཡིག་གསར་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005-12པའི་པར་ཐེངས་དྲུག་པ།
- 2 དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི 《བརྡ་དག་མིང་ཚིག་གསལ་བ》 མི་རིགས་དཔེ་སྐྲུན་ཁང་། 1981-7པའི་པར་ཐེངས་གསུམ་པ།
- 3 ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པའི 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1986-10པའི་པར་ཐེངས་གཉིས་པ།
- 4 སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི 《སྨོན་ལམ་ཚིག་མཛོད་ཆེན་མོ》
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-06-26
གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།