མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ།
མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་ཞེས་པ་ནི་མིང་རྒྱལ་རབས་དུས་སྐབས་སུ་བསྐྲུན་ལ། སྐབས་དེར་མཐའ་མཚམས་ཀྱི་མཁར་གྱང་ཞེས་འབོད་པ་སྟེ། མིང་རྒྱལ་རབས་ཀྱིས་སོག་པོའི་ཚུར་རྒོལ་འགོག་ཆེད་ཝའེ་བྱང་མ་དང་ཆི་བྱང་མ། ཆིན། སུའེ་བཅས་རྒྱལ་རབས་ཀྱི་སྐབས་སུ་བསྐྲུན་པའི་ལྕགས་རི་རྨང་གཞི་བྱས་ཏེ་ཇེ་བརྟན་དང་ཇེ་རིང་དུ་བཏང་། མིང་གི་ལྕགས་རི་དེ་ནུབ་ཕྱོགས་སུ་ཅཱ་ཡུས་འགག་སྒོ་ནས་མགོ་བརྩམས་ཤིང་། ཤར་རུ་ཡ་ལའོ་ཆུ་བོར་སླེབས་པ་སྟེ། ཀན་སུའུ་དང་ཉིང་ཞ། ཧྲན་ཞི། ནང་སོག ཧའོ་པེ། པེ་ཅིང་། ཐན་ཅིན། ལིའོ་ཉེ་སོགས་བརྒྱུད་ཡོད་ལ། སྤྱིའི་རིང་ཚད་ལ་ལེ་དབར12700 (སྟོང་སྨིད6350ཙམ) ལྷག་མཆིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
明长城
ཕྱི་ཡིག་གི་མིང་།
The Great Wall
དུས་སྐབས།
མིང་རྒྱལ་རབས།
སྤྱིའི་རིང་ཚད།
ལེ་དབར12700 (སྟོང་སྨིད6350ཙམ) ཡོད།
1 ​ངོ་སྤྲོད། 

མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་ཞེས་པ་ནི་མིང་རྒྱལ་རབས་དུས་སྐབས་སུ་བསྐྲུན་ལ། སྐབས་དེར་མཐའ་མཚམས་ཀྱི་མཁར་གྱང་ཞེས་འབོད་པ་སྟེ། མིང་རྒྱལ་རབས་ཀྱིས་སོག་པོའི་ཚུར་རྒོལ་འགོག་ཆེད་ཝའེ་བྱང་མ་དང་ཆི་བྱང་མ། ཆིན། སུའེ་བཅས་རྒྱལ་རབས་ཀྱི་སྐབས་སུ་བསྐྲུན་པའི་ལྕགས་རི་རྨང་གཞི་བྱས་ཏེ་ཇེ་བརྟན་དང་ཇེ་རིང་དུ་བཏང་རེད། མིང་གི་ལྕགས་རི་དེ་ནུབ་ཕྱོགས་སུ་ཅཱ་ཡུས་འགག་སྒོ་ནས་མགོ་བརྩམས་ཤིང་། ཤར་རུ་ཡ་ལའོ་ཆུ་བོར་སླེབས་པ་སྟེ། ཀན་སུའུ་དང་ཉིང་ཞ། ཧྲན་ཞི། ནང་སོག ཧའོ་པེ། པེ་ཅིང་།  ཐན་ཅིན།  ལིའོ་ཉེ་སོགས་བརྒྱུད་ཡོད་ལ། སྤྱིའི་རིང་ཚད་ལ་ལེ་དབར12700 (སྟོང་སྨིད6350ཙམ) ལྷག་མཆིས།

2 བཟོ་བསྐྲུན་གྱི་ཁྱད་ཆོས། 

མིང་རྒྱལ་རབས་ཀྱི་ལྕགས་རི་དེ་ནི་གཞི་རྒྱ་ཆེ་བ་མ་ཟད། བཟོ་བསྐྲུན་གྱི་རྒྱུ་ཆ་དང་ལག་རྩལ་ཀྱང་སྔོན་མ་ལས་ཅུང་སྔོན་ཐོན་རེད། ལྕགས་རིར་བཙན་འགག་དང་འགག་གཟར་པོ་ཧ་ཅང་མང་ཞིང་། དེའི་ཁྲོད་ཅིས་ཡོན་འགག་དང་ཏའོ་མཱ་འགག སྐབས་དེའི་རྒྱལ་ས་པེ་ཅིན་དང་ཐག་ཆེས་ཉེ་བའི་ཙི་ཅེན་འགག་བཅས་ལ་འགག་སྒོ་ནང་མ་གསུམ་ཟེར། ནུབ་ཕྱོགས་ཀྱི་ཡན་མིན་འགག་དང་ཉེ་ཝུའུ་འགག ཕན་ཐུའུ་འགག་བཅས་ལ་འགག་སྒོ་ཕྱི་མ་གསུམ་ཟེར། ཕྱི་ནང་གི་འགག་སྒོ་དྲུག་པོ་ནི་པེ་ཅིང་སྲུང་སྐྱོབ་ཀྱི་འགག་སྒོ་གཙོ་བོ་ཡིན་ལ། དུས་རྒྱུན་དུ་དམག་མིས་སོ་ལྟ་བྱས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།