བེ་ལྗང་རེ་རལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བེ་ལྗང་རེ་རལ།
ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རོང་ཆེན་གྱི་བེ་རྒན་སོགས་ཤིང་སྡོང་གི་གསེབ་དང་བྲག་སྲུབས་ལས་སྐྱེ་བ། རྩ་བ་ཅུང་ཟད་སྦོམ་ལ་ཚིགས་པའི་རྣམ་པ་དོད་པ། སྤུ་སེར་འཇམ་པོ་མཐུག་པོས་བཏུམ་ཞིང་བར་ལྗང་གུ་ཅན་འཕྲེད་དུ་སྲེ་མོང་ཉལ་འདྲ་སྐྱེ་བ། ལོ་མ་ལྗང་གུ་མཐུག་ཅིང་གྱོང་བ་སྒྲོ་དབྱིབས་རྒྱབ་ཏུ་གསེར་ཐིག་འབྲུམ་ཐོར་འདྲ་བ་མང་པོ་ཡོད་པ་དང༌། རྩ་རིས་དྲ་བ་ལྟར་གྱེས་པ་གསལ་པོར་མངོན་ཞིང་ལོ་མ་སྤྱིའི་ངར་བ་ཅུང་ཟད་རིང་བ་གཞི་རྩ་ནས་གྲལ་སྟར་བསྒྲིགས་ནས་སྐྱེ་བ། དགུན་དུས་ཀྱང་མ་ཉམས་པར་རང་མདོག་ཏུ་སྡོད་པ་སྟེ། བོད་ཡུལ་གྱི་ནགས་གསེབ་བེ་ཤིང་གི་ལོགས་དང༌། དེ་མིན་ཐང་ཤིང་སོགས་ལས་སྐྱེ་བའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青杠气根  崖姜
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

འཁྲུངས་དཔེར། བེ་ལྗང་རེ་རལ་བེ་ཤིང་གི༎ ལོགས་ལས་སྐྱེ་བའི་རྩ་བ་ནི༎ སྤུ་བཅས་སྲེ་མོང་ཉལ་འདྲ་མཆོག། ཅེས་གསུངས་སོ༎ ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རོང་ཆེན་གྱི་བེ་རྒན་སོགས་ཤིང་སྡོང་གི་གསེབ་དང་བྲག་སྲུབས་ལས་སྐྱེ་བ། རྩ་བ་ཅུང་ཟད་སྦོམ་ལ་ཚིགས་པའི་རྣམ་པ་དོད་པ། སྤུ་སེར་འཇམ་པོ་མཐུག་པོས་བཏུམ་ཞིང་བར་ལྗང་གུ་ཅན་འཕྲེད་དུ་སྲེ་མོང་ཉལ་འདྲ་སྐྱེ་བ། ལོ་མ་ལྗང་གུ་མཐུག་ཅིང་གྱོང་བ་སྒྲོ་དབྱིབས་རྒྱབ་ཏུ་གསེར་ཐིག་འབྲུམ་ཐོར་འདྲ་བ་མང་པོ་ཡོད་པ་དང༌། རྩ་རིས་དྲ་བ་ལྟར་གྱེས་པ་གསལ་པོར་མངོན་ཞིང་ལོ་མ་སྤྱིའི་ངར་བ་ཅུང་ཟད་རིང་བ་གཞི་རྩ་ནས་གྲལ་སྟར་བསྒྲིགས་ནས་སྐྱེ་བ། དགུན་དུས་ཀྱང་མ་ཉམས་པར་རང་མདོག་ཏུ་སྡོད་པ་སྟེ། བོད་ཡུལ་གྱི་ནགས་གསེབ་བེ་ཤིང་གི་ལོགས་དང༌། དེ་མིན་ཐང་ཤིང་སོགས་ལས་སྐྱེ་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་ཨ་ར་དང་རྩ་བ་རྙིང་རུལ་རྣམས་མེད་པར་བཟོས་ཐོག་དུམ་བུར་གཏུབས་ནས་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྩུབ་པས་ཤ་དུག་དང༌། སྦྱར་དུག དུག་ཚད་སོགས་དུག་ནད་ཀུན་ལ་ཕན་པ་ཡིན།

2 ​སྐྱེ་གནས།

བོད་ཡུལ་གྱི་ནགས་གསེབ་བེ་ཤིང་གི་ལོགས་དང༌། དེ་མིན་ཐང་ཤིང་སོགས་ལས་སྐྱེ་བ་ཡིན། 

3 སྦྱར་བྱ།

རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་ཨ་ར་དང་རྩ་བ་རྙིང་རུལ་རྣམས་མེད་པར་བཟོས་ཐོག་དུམ་བུར་གཏུབས་ནས་བསྐམས་རྗེས་སྨན་དུ་སྤྱོད།

4 ངོ་བོ།

རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ།

5 ཕན་ནུས།

ནུས་པ་བསིལ་ལ་རྩུབ་པས་ཤ་དུག་དང༌། སྦྱར་དུག དུག་ཚད་སོགས་དུག་ནད་ཀུན་ལ་ཕན་པ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།