ཡོན་ཏཱ་ཏུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོན་ཏཱ་ཏུའུ།
ཏཱ་ཏུའུ་ནི་ཡོན་རྒྱལ་རབས་ཀྱི་རྒྱལ་ས་སྟེ། པེ་ཅིང་གྲོང་ཁྱེར་མཁར་རྙིང་གི་ནང་མཁར་དང་དེའི་བྱང་ཁུལ་ལ་གོ་ཞིང་། ཧན་པཱ་ལི( གྲུ་གུའི་སྐད་དེ། རྒྱལ་པོའི་མཁར་ཟེར་བའི་དོན)ཞེས་ཀྱང་འབོད། དེ་ནི་ཡོན་ཧྲི་ཙུའུ་སེ་ཆེན་རྒྱལ་པོའི་སྐབས་སུ་བཞེངས། ཡོན་ཏཱ་ཏུའུ་ཡི་དབྱིབས་གྲུ་བཞི་ནར་མོ་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨིད་ངོས་སྙོམས་གྲུ་བཞི་མ50མཆིས། མཁར་གྱང་སས་བརྩིགས་ཤིང་མཁར་སྒོ11ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
元大都
ཕྱི་ཡིག་གི་མིང་།
Dayidu Khanbaliq
བསྡུས་མིང་།
ཏཱ་ཏུའུ།
ཁོངས་གཏོགས།
ཡོན་གྱི་རྒྱལ་ས།
1 ​ངོ་སྤྲོད། 

ཏཱ་ཏུའུ་ནི་ཡོན་རྒྱལ་རབས་ཀྱི་རྒྱལ་ས་སྟེ། པེ་ཅིང་གྲོང་ཁྱེར་མཁར་རྙིང་གི་ནང་མཁར་དང་དེའི་བྱང་ཁུལ་ལ་གོ་ཞིང་། ཧན་པཱ་ལི ( གྲུ་གུའི་སྐད་དེ། རྒྱལ་པོའི་མཁར་ཟེར་བའི་དོན)ཞེས་ཀྱང་འབོད། དེ་ནི་ཡོན་ཧྲི་ཙུའུ་སེ་ཆེན་རྒྱལ་པོའི་སྐབས་སུ་བཞེངས། ཡོན་ཏཱ་ཏུའུ་ཡི་དབྱིབས་གྲུ་བཞི་ནར་མོ་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨིད་ངོས་སྙོམས་གྲུ་བཞི་མ50མཆིས། མཁར་གྱང་སས་བརྩིགས་ཤིང་མཁར་སྒོ11ཡོད།

2 བཟོ་སྐྲུན་གྱི་རིན་ཐང་། 

ཡོན་ཏཱ་ཏུའུ་ནི་ས་སྟོང་དུ་བསྐྲུན་ཞིང་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་དུས་མཇུག་གི་ཕོ་བྲང་གི་མིག་དཔེ་ལྟ་བུ་རེད། མཁར་གྲོང་གི་བཟོ་དབྱིབས་སོགས་སུང་ཚུན་ཆད་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྙིང་བཅུད་ལྟ་བུ་ཡིན་ཏེ། ཀྲུང་གོའི་མཁར་གྲོང་བཟོ་བསྐྲུན་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། དེའི་འཆར་བཀོད་ཀྱིས་ཚོང་ལས་གོང་འཕེལ་ལའང་བསམ་བློ་བཏང་ཡོད་པར་མ་ཟད། ཆུ་འབུད་ཡུར་བུ་སོགས་ཀྱི་མ་ལག་དང་དམག་དོན་བཀག་འགོག ནང་ཁུལ་དུ་ལྟ་རྟོག་བྱེད་པ་སོགས་ཀྱང་ཆུ་ཚད་མཐོན་པོར་སླེབས་ཡོད། ཡོན་ཏཱ་ཏུའུ་གནའ་མཁར་གྱི་བྱང་ཕྱོགས་དང་།ཤར་དང་ནུབ་ཀྱི་བྱང་ཕྱོགས་བཅས་ཀྱི་གྱང་ད་དུང་ཞིག་མེད་པར་ཡག་པོར་ཉར་ཡོད་ཅིང་། ད་ལྟ་མཁར་གནའ་ཤུལ་གྱི་སྤྱི་སྤྱོད་གླིང་གར་བསྐྲུན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།