པའོ་ལེན་སྤོ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ལེན་སྤོ་ལོ།
པའོ་ལེན་སྤོ་ལོ་ནི་ཤིང་གི་ཐང་གཅལ་སྟེང་དུ་སྤོ་ལོས་ཤིང་གི་གྲུ་བུམ་པ་དག་འགྱེལ་པར་བྱེད་པའི་ཁང་བའི་ནང་གི་རྩེད་མོའི་རིགས་ཤིག་ཡིན། པའོ་ལེན་སྤོ་ལོ་ནི་མིའི་རིགས་ཀྱི་སྤོ་ལོའི་ནང་གི་ཆེས་སྔ་བའི་རིགས་ཤིག་ཡིན།འགྲན་བསྡུར་དེ་ལ་མི་སྒེར་དང་མི་མང་པོའི་རྩེ་ཚུལ་གཉིས་ཡོད། འགྲན་བསྡུར་མ་བྱས་པའི་སྔོན་དུ་རྒྱན་ལེན་པ་ལ་བརྟེན་ནས་ལམ་གྲངས་དང་སྤོ་ལོའི་སྔ་རྗེས་འདེམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保龄球
ར་བ།
ཁང་བའི་ནང་།
ཕྱི་ཡིག་གི་མིང་།
bowling
རིགས།
སྤོ་ལོའི་ནང་ལུས་རྩལ།
འབྱུང་ཡུལ།
འཇར་མན།
1 ངོ་སྤྲོད།

པའོ་ལེན་སྤོ་ལོ་ནི་ཤིང་གི་ཐང་གཅལ་སྟེང་དུ་སྤོ་ལོས་ཤིང་གི་གྲུ་བུམ་པ་དག་འགྱེལ་པར་བྱེད་པའི་ཁང་བའི་ནང་གི་རྩེད་མོའི་རིགས་ཤིག་ཡིན། པའོ་ལེན་སྤོ་ལོ་ནི་མིའི་རིགས་ཀྱི་སྤོ་ལོའི་ནང་གི་ཆེས་སྔ་བའི་རིགས་ཤིག་ཡིན། འགྲན་བསྡུར་དེ་ལ་མི་སྒེར་དང་མི་མང་པོའི་རྩེ་ཚུལ་གཉིས་ཡོད། འགྲན་བསྡུར་མ་བྱས་པའི་སྔོན་དུ་རྒྱན་ལེན་པ་ལ་བརྟེན་ནས་ལམ་གྲངས་དང་སྤོ་ལོའི་སྔ་རྗེས་འདེམས་པ་རེད།  འགྲན་བསྡུར་བྱེད་སྐབས། ལམ་གྱི་སྣེ་མོར་ཤིང་གི་བུམ་པ་བཅུ་ཟུར་གསུམ་གྱི་ཚུལ་དུ་བསྒྲིགས་ནས་འཇོག་པ་དང་། ལུས་རྩལ་པས་སྐུད་པའི་རྒྱབ་ཏུ་སྔ་རྗེས་སུ་ཤིང་བུམ་ལ་རྒྱག་པ་རེད། པའོ་ལེན་སྤོ་ལོ་དལ་བུའི་ངང་ཇེ་མགྱོགས་སུ་འགྲོ་ཆེད་སྤོ་ལོ་མ་འཕངས་སྔོན་དུ་ཅུང་ཙམ་རྒྱུགས་དགོས།

2 བྱུང་འཕེལ།

པའོ་ལོན་སྤོ་ལོའི་ལས་འགུལ་ཐེངས་དང་པོའི་ཚད་ལྡན་གྱི་རྒྱལ་སྤྱའི་འགྲན་བསྡུར་ནི་སྤྱི་ལོ1954ལོར་ཧི་ཨེར་ཞིན་ཅིན་ཅི་ནས་བཙུགས་པ་རེད། སྤྱི་ལོ1963ལོར་འཛམ་གླིང་པའོ་ལེན་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་སྤེལ། སྤྱི་ལོ1974ལོར་ཡ་གླིང་གི་ལས་འགུལ་འགྲན་བསྡུར་དངོས་ཀྱི་གྲས་སུ་བཞག སྤྱི་ལོ1992ལོར་སྐབས25པ་སེ་ལོ་ན་ཨོ་རྩལ་འགྲན་ཚོགས་སུ་པའོ་ལེན་སྤོ་ལོ་འགྲན་བསྡུར་དངོས་ཀྱི་ནང་དུ་བཞག ཀྲུང་གོར་སྤྱི་ལོ1981ལོར་ཧྲང་ཧེ་རུ་པའོ་ལེན་སྤོ་ལོའི་མཐུན་ཚོགས་བཙུགས། སྤྱི་ལོ2000ལོར་ཡ་གླིང་པའོ་ལེན་སྤོ་ལོའི་འགྲན་བསྡུར་ཁྲོད་གསེར་གྱི་བྱ་དགའ་གཅིག་དང་དངུལ་གྱི་བྱ་དགའ་བཞི་ཐོབ་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།