ཅིན་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་རྒྱལ་རབས།
ཅིན་རྒྱལ་རབས་ནི་བྱང་ཁུལ་དུ་འཚོ་བའི་ཉིས་ཀྲིན་མི་རིགས་ཀྱིས་བཙུགས་པའི་སྲིད་དབང་ལ་ཟེར། སྤྱི་ལོ1115ལོར་ཉིས་ཀྲིན་གྱི་མགོ་བ་ཝན་ཡན་ཨ་ཀུའུ་ཏཱས་ཅིན་རྒྱལ་ཁབ་བཙུགས་ཏེ་རང་ཉིད་གོང་མར་བསྡད་ཅིང་རྒྱལ་ས་ཧུའེ་ཉིང་བྱས། ཅིན་རྒྱལ་རབས་ལ་གོང་མ10བྱུང་ཞིང་། ལོ་ངོ120ཙམ་གྱི་རིང་ལ་སྲིད་དབང་གི་རྒྱུན་བསྐྱངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金朝
ཕྱི་ཡིག་གི་མིང་།
Jin Dynasty
བསྡུས་མིང་།
ཅིན།
རྒྱལ་ས་གཙོ་བོ།
ཧྲང་ཅིན། ཀྲོན་ཏོ།
རྒྱལ་བོ།
ཝན་ཡན་ཨ་ཀུའུ་ཏཱ་སོགས།
རྒྱལ་རབས་འཛུགས་མཁན།
ཝན་ཡན་ཨ་ཀུའུ་ཏཱ།
དུས་སྐབས།
སྤྱི་ལོ1115-1234ལོ།
མི་རིགས།
རྒྱ་རིགས། མན་ཇུའི་རིགས་སོགས།
1 ངོ་སྤྲོད། 

ཅིན་རྒྱལ་རབས་ནི་བྱང་ཁུལ་དུ་འཚོ་བའི་ཉིས་ཀྲིན་མི་རིགས་ཀྱིས་བཙུགས་པའི་སྲིད་དབང་ལ་ཟེར་ཞིང་། སྤྱི་ལོ1115ལོར་ཉིས་ཀྲིན་གྱི་མགོ་བ་ཝན་ཡན་ཨ་ཀུའུ་ཏཱས་ཅིན་རྒྱལ་ཁབ་བཙུགས་ཏེ་རང་ཉིད་གོང་མར་བསྡད་ཅིང་རྒྱལ་ས་ཧུའེ་ཉིང་བྱས། ཅིན་རྒྱལ་རབས་ལ་གོང་མ10བྱུང་ཞིང་། ལོ་ངོ120ཙམ་གྱི་རིང་ལ་སྲིད་དབང་གི་རྒྱུན་བསྐྱངས། 

2 ལོ་རྒྱུས་མདོར་བསྟན། 

ཅིན་རྒྱལ་རབས་ནི་བྱང་ཁུལ་དུ་འཚོ་བའི་ཉིས་ཀྲིན་མི་རིགས་ཀྱིས་བཙུགས་པའི་སྲིད་དབང་ལ་ཟེར། ཉིས་ཀྲིན་རིགས་ནི་མན་ཇུའི་རིགས་ཀྱི་མེས་པོ་སྟེ། གཙང་བོ་སུང་ཧྭ་ཅང་དང་ཧེ་ལུང་ཅང་སྨད་རྒྱུད་དུ་གནས་ཤིང་འཚོ། སྤྱི་ལོ1115ལོར་ཉིས་ཀྲིན་གྱི་མགོ་བ་ཝན་ཡན་ཨ་ཀུའུ་ཏཱས་ཅིན་རྒྱལ་ཁབ་བཙུགས་ཏེ་རང་ཉིད་གོང་མར་བསྡད། རྒྱལ་ས་ཧུའེ་ཉིང་བྱས། དམག་མི་དང་ཞིང་པ་གཞི་གཅིག་ཏུ་བྱས་པའི་ལམ་ལུགས་ལག་ཏུ་བསྟར་བས་རྒྱལ་ཁབ་ཀྱི་སྟོབས་ཤུགས་མྱུར་དུ་རྒྱས། སྐབས་དེའི་ལིའོ་རྒྱལ་རབས་ཀྱི་ཆབ་སྲིད་རུལ་སུངས་དུ་གྱུར་ཡོད་པས་ཨ་ཀུའུ་ཏཱས་ཕར་རྒོལ་བྱས་ཏེ་ལིའོ་བསྣུབས། དེའི་འཕྲོར་སུང་བྱང་མ་བསྣུབས་ཏེ་རྨ་ཆུའི་རྒྱུད་དང་བྱང་ཁུལ་གཅིག་གྱུར་བྱས་པར་མ་ཟད། སུང་ལྷོ་མ་དང་དུས་ཡུན་རིང་པོར་ཁ་གཏད་དུ་ལངས། ཅིན་རྒྱལ་རབས་ཀྱིས་ཁྱིམ་དུད་སོ་སོའི་མི་དར་མ་རྣམས་དུས་རྒྱུན་ཐོན་སྐྱེད་ལ་ཞུགས་པ་དང་དམག་ཏུ་ཞུགས་དགོས་པའི་ལམ་ལུགས་སྟེ་“མེང་ཨན་མོའུ་ཁེའི་”ལམ་ལུགས་སྤེལ་བ་དང་། དེའི་ཞོར་དུ་ཀྲུང་ཡོན་གྱི་ཆབ་སྲིད་ལམ་ལུགས་ཁ་ཤས་ནང་འདྲེན་བྱས། ཝན་ཡན་ལང་ཁྲིར་བཞུགས་དུས་སུང་ལྷོ་མར་དཔུང་འཇུག་ཆེན་པོ་བྱས་ཀྱང་མཐར་ཕམ། ཅིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཆབ་སྲིད་རུལ་སུངས་སུ་གྱུར་ཏེ་འབངས་མི་སེར་གྱིས་འོས་ལངས་བྱས་པ་དང་བསྟུན་ནས་སོག་པོའི་དམག་གིས་བསྟུན་མར་ཕར་རྒོལ་བྱས་མཐར་རྒྱལ་ཁབ་འཇིག་པ་རེད།

ཅིན་རྒྱལ་རབས་དུས་སྐབས་སུ་སྤྱི་ཚོགས་དཔལ་འབྱོར་ལས་ཕྱུགས་ལས་ཕུད་པའི་ཞིང་ལས་དང་། ལག་ཤེས་བཟོ་ལས། ཚོང་ལས་སོགས་གོང་འཕེལ་བྱུང་། ཅིན་གྱི་རིག་གནས་ལ་རྒྱ་རིགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་པ་དཔེར་ན་ཟློས་གར་ལྟ་བུ་རེད། ཅིན་རྒྱལ་རབས་ལ་གོང་མ10བྱུང་ཞིང་། ལོ་ངོ120ཙམ་གྱི་རིང་ལ་སྲིད་དབང་གི་རྒྱུན་བསྐྱངས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།