འཁོར་ཤུད་ལུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཁོར་ཤུད་ལུས་རྩལ།
འཁོར་ཤུད་ལུས་རྩལ་བྱ་འགུལ་ནི1760ལོར་དར་བ་ཞིག་ཡིན་ཞིང་། དེ་ནི་པི་ལི་ཧྲིའི་རའོ་སི་ཧྥུ་མའེ་ལན་གྱིས་གསར་གཏོད་བྱས་པ་ཡིན། ཁོས་ཚོད་ལྟའི་ཚུལ་གྱིས་བཟོས་པའི་འཁོར་ལོ་ཀོ་ལྷམ་གྱི་ཞབས་སུ་སྦྱར་ཏེ་ངོས་སྙོམ་པའི་ས་སྟེང་དུ་ཤུད་སྟེག་གི་རྩེད་མོ་བྱས། ཚོད་ལྟ་དེ་ཕམ་ཁ་རབ་དང་རིམ་པ་བརྒྱུད་ཅིང་དེ་བསྟུན་གྱིས་ལེགས་བཅོས་བྱས་མཐར་གཞི་ནས་རྒྱལ་ཁ་ལོན། འཁོར་ལྷམ་གྱིས“དར་ཤུད་སྟེག་པའི”ལོ་རྒྱུས་གསར་དུ་གཏོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
轮滑运动
སྡེ།
ལུས་རྩལ།
རྣམ་པ།
གྲལ་གཅིག་འཁོར་ཤུད་དང་། གྲལ་གཉིས་འཁོར་ཤུད།
1 ངོ་སྤྲོད།

འཁོར་ཤུད་ལུས་རྩལ་བྱ་འགུལ་ནི1760ལོར་དར་བ་ཞིག་ཡིན་ཞིང་། དེ་ནི་པི་ལི་ཧྲིའི་རའོ་སི་ཧྥུ་མའེ་ལན་གྱིས་གསར་གཏོད་བྱས་པ་ཡིན། ཁོས་ཚོད་ལྟའི་ཚུལ་གྱིས་བཟོས་པའི་འཁོར་ལོ་ཀོ་ལྷམ་གྱི་ཞབས་སུ་སྦྱར་ཏེ་ངོས་སྙོམ་པའི་ས་སྟེང་དུ་ཤུད་སྟེག་གི་རྩེད་མོ་བྱས། ཚོད་ལྟ་དེ་ཕམ་ཁ་རབ་དང་རིམ་པ་བརྒྱུད་ཅིང་དེ་བསྟུན་གྱིས་ལེགས་བཅོས་བྱས་མཐར་གཞི་ནས་རྒྱལ་ཁ་ལོན། འཁོར་ལྷམ་གྱིས“དར་ཤུད་སྟེག་པའི”ལོ་རྒྱུས་གསར་དུ་གཏོད།

2 བྱུང་འཕེལ།

འཁོར་ཤུད་ལུས་རྩལ་བྱ་འགུལ་ལ་སྤྱི་བཏང་དུ“སྐམ་དར་སྟེག་པ”ཞེས་འབོད་ཅིང་། དེ་ནི་རྐང་བར་འཁོར་ལོ་བཞི་ཅན་གྱི་ལྷམ་འབོག་གྱོན་ཏེ་སྲ་ཞིང་སྙོམ་པའི་ས་ངོས་སུ་ཤུད་བགྲོད་བྱེད་པའི་ལུས་རྩལ་ཞིག་ཡིན། དེའི་ཁོངས་སུ་མྱུར་ཚད་འཁོར་ཤུད་དང་། རྣམ་པ་མི་འདྲ་བའི་སྒོ་ནས་འཁོར་ཤུད་རྒྱག་པ། འཁོར་ཤུད་སྤོ་ལོ་རྩེད་པ། འཁོར་གྲལ་གཅིག་གིས་འཁོར་ཤུད་བྱེད་པ་དང་། འཁོར་གྲལ་གཉིས་ཀྱིས་འཁོར་ཤུད་བྱེད་པ་སོགས་ཡོད། འཁོར་ཤུད་དངོས་མ་ནི་ཨ་རིའི་ཕི་ལའེ་མོ་སའི་ཏོན་ལགས་ནས1863ལོར་གསར་གཏོད་བྱས་པ་ཡིན་ལ། ཁོས་ཤིང་གི་འཁོར་ལོའི་ཚབ་ཏུ་ལྕགས་ཀྱི་འཁོར་ལོ་བཞག་པས་ན། རྒྱལ་ཁབ་སོ་སོའི་འཁོར་ཤུད་ལུས་རྩལ་བྱ་འགུལ་གྱི་དར་ཁྱབ་ལ་ནུས་པ་ཆེན་པོ་ཐོན།

3 དབྱེ་བ།

འཁོར་ཤུད་ར་བའི་ནང་དུ་སྤེལ་བའི་འཁོར་ཤུད་རྣམ་གྲངས་ནི། སྣ་ཚོགས་འཁོར་ཤུད་དང་། མྱུར་ཤུད་ལའང་གཞུང་ལམ་འགྲན་བསྡུར་དང་། ར་བའི་འགྲན་བསྡུར་བཅས་རིགས་གཉིས་སུ་ཕྱེ་ཆོག

4 ཕན་ཡོན།

འཁོར་ཤུད་ལུས་རྩལ་བྱ་འགུལ་གྱིས་ལུས་ཕུང་སྦྱོང་བརྡར་བྱེད་ཐུབ་པ་མ་ཟད། ངལ་བ་སེལ་ཏེ་ལུས་ཤུགས་ཡར་བསྐྱེད་ཐུབ་པ་དང་། སེམས་ཤུགས་སྙོམ་སྒྲིག་ཀྱང་བྱེད་ཐུབ། ཀྲུང་གོར་ལུས་རྩལ་འདི་ཅུང་དར་འཕྱི།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།