དར་གྲུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དར་གྲུ།
དར་གྲུ་ལུས་རྩལ་ནི་རླུང་ཤུགས་དར་ལ་བརྟེན་ནས་གྲུ་མདུན་དུ་སྐྱོད་པ་དང་ཁ་ལོ་བསྒྱུར་བའི་ལུས་རྩལ་རྣམ་པ་ཞིག་ཡིན། འགྲན་བསྡུར་ཁྲོད་ཞུགས་པའི་གྲུ་ནི་གྲུ་དང་དར་ཤིང་། ཁ་ལོ། ཕྱོགས་འཇགས་ཆས། ཐག་ཆས་སོགས་ཀྱིས་གྲུབ་པའི་ཡང་ཞིང་ཆུང་བའི་དར་གཅིག་གྲུ་གཟིངས་ཤིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
帆船
ཕྱི་ཡིག་གི་མིང་།
SailBoat
སྡེ།
ལུས་རྩལ།
རིགས།
ཆུག་ཐོག་ལུས་རྩལ།
1 ངོ་སྤྲོད།

དར་གྲུ་ལུས་རྩལ་ནི་རླུང་ཤུགས་དར་ལ་བརྟེན་ནས་གྲུ་མདུན་དུ་སྐྱོད་པ་དང་ཁ་ལོ་བསྒྱུར་བའི་ལུས་རྩལ་རྣམ་པ་ཞིག་ཡིན། འགྲན་བསྡུར་ཁྲོད་ཞུགས་པའི་གྲུ་ནི་གྲུ་དང་དར་ཤིང་། ཁ་ལོ། ཕྱོགས་འཇགས་ཆས། ཐག་ཆས་སོགས་ཀྱིས་གྲུབ་པའི་ཡང་ཞིང་ཆུང་བའི་དར་གཅིག་གྲུ་གཟིངས་ཤིག་རེད། གྲུ་གཟིངས་ཡང་ཞིང་མགྱོགས་ཚད་མྱུར་བ་སོགས་ཀྱི་རྐྱེན་གྱིས་མྱུར་གྲུ་བྱ་བའི་མིང་ཐོགས་ཡོད། རྒྱུན་དུ་དར་གྲུ་བྱ་བའི་མིང་ཐོགས་ཡོད།

2 ཁྱད་ཆོས།

རྒྱུན་དུ་དར་གྲུ་ལས་འགུལ་ལ་ཞུགས་ན་ལུས་ཕུང་ལ་ལེགས་ཤིང་རྒྱ་མཚོའི་རྦབ་རླབས་ལ་འགྲན་བསྡུར་སློང་བའི་སྤོབས་པ་བསྐྱེད་ནུས། གནམ་གཤིས་འགྱུར་བའི་ཁྲོད་ནས་དར་གྲུ་ཁ་ལོ་བསྒྱུར་བའི་ནུས་པ་བསྐྱེད་ནུས། མཚོ་ཐོག་འགྲིམ་འགྲུལ་སོགས་ཀྱི་ཤེས་བྱ་དང་ནུས་པ་འཕེལ་རྒྱས་འགྲོ་བར་རིན་ཐང་མི་དམན་པ་ཞིག་ཡོད་ངེས།

3 ལོ་རྒྱུས།

སྤྲོ་གསེང་ལ་བཀོལ་བའི་དར་གྲུ་ནི་དུས་རབས16ནས17ཧི་ལན་དུ་བྱུང་། སྤྱི་ལོ1896ལོ་ཐེངས་དང་པོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚན་པ་རུ་བཞག གནམ་གཤིས་མི་ལེགས་པའི་རྐྱེན་གྱིས་མགོ་རྩོམ་མ་ཐུབ། སྤྱི་ལོ1900ལོ་ཐེངས་གཉིས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་དངོས་སུ་བཞག། སྤྱི་ལོ1907ལོར་རྒྱལ་སྤྱིའི་དར་གྲུ་མཉམ་འབྲེལ་ཚོགས་པ་བཙུགས།

དེང་རབས་དར་གྲུ་འགྲན་བསྡུར་ནི་སྤྱི་ལོ1978ལོར་བཙུགས། ཀྲུང་གོ་དར་གྲུ་འགྲན་བསྡུར་ནི་སྤྱི་ལོ1968ལོར་བཙུགས། དར་གྲུ་ལུས་རྩལ་ཚོགས་པ་སྤྱི་ལོ1981ལོར་བཙུགས། ད་ལྟའི་བར་དུ་ཞིང་ཆེན20དང་གྲོང་ཁྱེར། ལྗོངས་དང་འཆར་གཞི་སྒེར་བཙུགས་གྲོང་སོགས་ཀྱིས་ལུས་རྩལ་འདི་སྤེལ་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།