ཞིམ་ཐིག་སྔོན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིམ་ཐིག་སྔོན་པོ།
འདི་ནི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་སྡོང་བོ་ཁོང་སྟོང་གྲུ་བཞི་ཡིན། འགའ་ཞིག་སྟོད་ཆ་ནས་ཡལ་ཕྲན་ཁ་སྤྲོད་རེ་གྱེས་པ། ཚིགས་མཚམས་རེ་རེ་ནས་ལོ་མ་ལྗང་འབོལ་གཉེར་ཞིབ་རིས་འཇོང་དབྱིབས་རྩེ་མོ་རྣོ་བ་ཁ་སྤྲོད་དུ་སྐྱེ་བ། རྩེར་མཆུ་དབྱིབས་ཀྱི་མེ་ཏོག་སྔོ་སྐྱ་དམར་མདངས་ཅན་ལ་གོས་སྨུག་པོ་སྤུ་འཇམ་ཡོད་པའི་སྙེ་མ་འཆར་བ། དྲི་ཞིམ་པ། འབྲས་བུ་སོགས་ཞིམ་ཐིག་རིགས་ཀྱི་སྤྱི་དང་འདྲ་ལ། ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན༎ རོ་ནི་མངར་ལ་སྣུམ་པ་ཡིན༎ རང་གི་ནུས་པས་མིག་ནད་སེལ༎
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞིམ་ཐིག་སྔོན་པོ།
རྒྱ་ཡིག་གི་མིང་།
蓝化荆芥
ཕྱི་ཡིག་གི་མིང་།
Nepetacoerusens Maxim
སྡེ།
མཆུ་དབྱིབས་ཀྱི་སྡེ།
ཁོངས་གཏོགས།
ཞིམ་ཐིག་ལེའི་ཁོངས་གཏོགས།
རིགས་དབྱེ།
སྔོ་སྨན།
1 མིང་གཞན། 

འཇིབ་ཆུང་ནུ་མ། ཞ་མ་ཏིག་ཏིག་ཟེར།

2 སྐྱེ་དབྱིབས། 

མངོན་རྟོགས་ལས། གསེར་མགོ་སྲིབ་ཀྱི་སྨད་དུ་སྐྱེ༎ ལོ་མ་འབོལ་ཞིང་སྣུམ་པ་ལ༎ ངར་བ་གྲུ་བཞི་མཁྲངས་པ་སྟེ༎ རིང་ཐུང་རྐང་རེ་ཁྲུ་རེ་ཙམ༎ མེ་ཏོག་སྔོ་ལ་རྒྱ་མདངས་ཅན༎ མེ་ཏོག་གོས་ནི་རྒྱ་སྨུག་ལ༎ རོ་ནི་སྣུམ་ཞིང་གོ་སྙོད་འདྲ༎ མིག་ནད་མ་ལུས་སེལ་བར་བྱེད༎ ཅེས་བསྟན་པ་ལྟར་འདི་ནི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་སྡོང་བོ་ཁོང་སྟོང་གྲུ་བཞི་ཡིན། འགའ་ཞིག་སྟོད་ཆ་ནས་ཡལ་ཕྲན་ཁ་སྤྲོད་རེ་གྱེས་པ། ཚིགས་མཚམས་རེ་རེ་ནས་ལོ་མ་ལྗང་འབོལ་གཉེར་ཞིབ་རིས་འཇོང་དབྱིབས་རྩེ་མོ་རྣོ་བ་ཁ་སྤྲོད་དུ་སྐྱེ་བ། རྩེར་མཆུ་དབྱིབས་ཀྱི་མེ་ཏོག་སྔོ་སྐྱ་དམར་མདངས་ཅན་ལ་གོས་སྨུག་པོ་སྤུ་འཇམ་ཡོད་པའི་སྙེ་མ་འཆར་བ། དྲི་ཞིམ་པ། འབྲས་བུ་སོགས་ཞིམ་ཐིག་རིགས་ཀྱི་སྤྱི་དང་འདྲ་བའོ༎

3 འཐུ་དུས་དང་ལས་སྣོན། 

སྨན་དུ་ལོ་སྡོང་མེ་འབྲས་བཅས་བོད་ཟླ་དྲུག་པའམ་བདུན་པ་གང་རུང་ལ་བཏུས་ཏེ་གཙང་མར་བཀྲུས་རྗེས་སྐམ་ནས་སྤྱོད་དགོས།

4 རོ་ནུས་ཞུ་རྗེས།  

རོ་མངར་ལ་ཁ་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་བའོ༎

5 རྐྱང་བའི་ཕན་ཡོན།   

ཤེལ་ཕྲེང་ལས། ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན༎ ཞེས་པ་དང་། རོ་ནི་མངར་ལ་སྣུམ་པ་ཡིན༎ རང་གི་ནུས་པས་མིག་ནད་སེལ༎ ཞེས་གསུངས་སོ༎


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།