དྲ་ཕད་སྤོ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་ཕད་སྤོ་ལོ།
དྲ་ཕད་ནི་སྤོ་ལོ་དེར་དམིགས་འབེན་དུ་འཕེན་པའི་གཟུར་ཚད་འགྲན་བསྡུར་བྱེད་པའི་སྤོ་ལོའི་རིགས་ཀྱི་འགུལ་སྐྱོད་ཅིག་ཡིན། མཆོང་ལྡིང་དང་རྒྱུག་པ། འཕེན་པ་སོགས་ཀྱི་མིང་གཞིའི་རྩ་བའི་འགུལ་སྐྱོད་དང་འཐབ་རྩལ། རྩ་འཛུགས་བཅས་ཀྱིས་གྲུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
篮球
ཕྱི་ཡིག་གི་མིང་།
Basketball
སྲོལ་འབྱེད་མཁན།
ནེ་ཧྲི་མི་སི།
སྲོལ་འབྱེད་དུས།
སྤྱི་ལོ1891ལོའི་ཟླ12ཚེས21ཉིན།
འབྱུང་ཡུལ།
ཨ་རི།
འགྲན་ཞུགས་མི་གྲངས།
མི་ལྔ་རེ།
1 ངོ་སྤྲོད།

དྲ་ཕད་ནི་སྤོ་ལོ་དེར་དམིགས་འབེན་དུ་འཕེན་པའི་གཟུར་ཚད་འགྲན་བསྡུར་བྱེད་པའི་སྤོ་ལོའི་རིགས་ཀྱི་འགུལ་སྐྱོད་ཅིག་ཡིན། མཆོང་ལྡིང་དང་རྒྱུག་པ། འཕེན་པ་སོགས་ཀྱི་མིང་གཞིའི་རྩ་བའི་འགུལ་སྐྱོད་དང་འཐབ་རྩལ། རྩ་འཛུགས་བཅས་ཀྱིས་གྲུབ་ཅིང་། ཛ་དྲག་ཆེ་བའི་རྒོལ་རེས་ཀྱིས་སྤེལ་བའི་ལུས་རྩལ་བྱ་འགུལ་ཞིག་ཡིན། རྣམ་གྲངས་འདིས་མིའི་ལུས་པོར་སྦྱོང་བརྡར་འཐོབ་ཐུབ་ལ། གཟུགས་གཞི་དང་ཀུན་སྤྱོད་ལེགས་པོ་གསོ་སྐྱོང་བྱེད་རྒྱུར་བཅས་ལའང་དོན་སྙིང་ལྡན་པ་ཡིན།

2 ལོ་རྒྱུས།

དྲ་ཕད་སྤོ་ལོ་ནི་སྤྱི་ལོ1891ལོར་ཨ་རིའི་མཱ་ས་ཀྲུའུ་སེ་ཞིང་ཆེན་གྱིས་སའེ་ཕུའུ་ལིན་ཧྥེར་ཏི་གྲོང་ཁྱེར་གྱི་ཡེ་ཤེའི་ཆོས་ལུགས་ཀྱི་ན་གཞོན་ཚོགས་པའི་སྦྱོང་བརྡར་སློབ་གྲྭའི་ལུས་རྩལ་དགེ་རྒན་འབུམ་རམས་པ་ནེ་ཧྲི་མི་སི་ཡིས་གསར་གཏོད་བྱས་པ་ཡིན། ཆེས་ཐོག་མར་ཁོང་གིས་སླེ་བོ་གཉིས་ལུས་སྦྱོང་ཁང་གི་གྱང་ངོས་སུ་མཐོ་ཚད་སྨི3.05ཡི་མཚམས་སུ་བཀལ་ནས་ཀན་ལན་སྤོ་ལོའི་རྩེད་ཆས་བྱས། རྗེས་སུ་སྨྱུག་མའི་བཟོ་བའི་སླེ་བོ་དེ་ལྕགས་གོར་དུ་བསྒྱུར། ལྕགས་གོར་དུ་ཐེངས་གཅིག་ལ་འཕངས་ན་སྐར་གཅིག་ཏུ་བརྩི་ཞིང་། འཕང་བའི་གྲངས་ཀ་ལྟར་རྒྱལ་ཕམ་གྱི་ཤན་འབྱེད་པ་ཡིན། སླེ་བོའི་ནང་དུ་སྤོ་ལོ་འཕངས་པ་ན་སྐས་བཙུགས་ཏེ་ཕྱི་རུ་བླངས་ནས་ཡང་བསྐྱར་འཕེན། རིམ་གྱིས་སྔོན་གྱི་སླེ་བོའི་རྣམ་པ་དེ་ད་ལྟའི་དྲ་ཕད་དུ་བསྒྱུར།

3 ཆ་རྐྱེན།

སྤྱི་ལོ1908ལོར་དེང་རབས་ཀྱི་དྲ་ཕད་སྤོ་ལོ་དངོས་སུ་བྱུང་། དེར་ཆ་སྒྲོམ་དང་། དྲ་ཕད། ལྕགས་ར་བཅས་ཡོད་པ་རེད། སྤྱི་ལོ1908ལོར་ཨ་རིའི་ཐོག་མར་རྒྱལ་ཡོངས་སུ་གཅིག་གྱུར་གྱི་གཏན་འཁེལ་བྱས་ཏེ་ཡིག་རིགས་མང་བོར་བསྒྱུར་ནས་འཛམ་གླིང་དུ་བསྒྲགས། དེ་ལྟར་དྲ་ཕད་སྤོ་ལོ་དེ་འཛམ་གླིང་དུ་ཁྱབ་ནས་ཡོངས་ཁྱབ་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་སུ་གྱུར་ནས། ད་ལྟའི་དྲ་ཕད་སྤོ་ལོར་འཐབ་རྩལ་དང་མྱུར་ཚད། མཐོ་ཚད། ཛ་དྲག་གི་ཚད་བཅས་ལ་ཚད་ཐིག་ངེས་ཅན་ཡོད། འགྲན་བསྡུར་ལ་རུ་ཁག་གཉིས་ཡོད་ཅིང་། སྨི28×15ཅན་གྱི་ར་བ་དང་། རུ་ཁག་རེ་མི5རེ་དགོས་པ་གཅིག་གྱུར་བྱས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།