ཨམ་ཧྲི་ཟིང་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨམ་ཧྲི་ཟིང་འཁྲུག
ཟིང་འཁྲུག་འདི་ནི་ཐང་ཞོན་ཙུང་གི་ཚེ་མཇུག་ཏུ་མཐའ་མཚམས་སྲུང་བའི་དྲག་དཔུང་སྤྱི་ཁྱབ་ཨན་ལུའུ་ཧྲན་དང་ཧྲི་སི་མིང་གཉིས་ཀྱིས་ལོ་ངོ8ལྷག་ལ་བསླངས་པའི་ངོ་ལོག་ཟིང་འཁྲུག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安史之乱
ཁོངས་གཏོགས།
དམག་དོན།
དུས་སྐབས།
སྤྱི་ལོ755-763ལོར།
ཤུགས་རྐྱེན།
ཐང་རྒྱལ་རབས་རྒུད་པར་གྱུར་བ།
1 ​ལོ་རྒྱུས་མདོར་བསྟན། 

ཟིང་འཁྲུག་འདི་ནི་ཐང་ཞོན་ཙུང་གི་ཚེ་མཇུག་ཏུ་མཐའ་མཚམས་སྲུང་བའི་དྲག་དཔུང་སྤྱི་ཁྱབ་ཨན་ལུའུ་ཧྲན་དང་ཧྲི་སི་མིང་གཉིས་ཀྱིས་ལོ་ངོ8ལྷག་ལ་བསླངས་པའི་ངོ་ལོག་ཟིང་འཁྲུག་ལ་ཟེར། དེ་ཡང་ཨན་ལུའུ་ཧྲན་གྱིས་ཕེ་ལུའུ( ད་ལྟའི་ལའོ་ཉའེ་ཁྲོ་ཡང་ས་ཆ) དང་ཧྥན་དབྱང ( ད་ལྟའི་པེ་ཅིང)ཧུ་ཏོན(ད་ལྟའི་ཧྲན་ཞི་ཐེ་ཡན་གྱི་ལྷོ་ནུབ)བཅས་ཀྱི་དྲག་དཔུང་སྤྱི་ཁྱབ་ཀྱི་འགན་ཁུར་ཡོད་ལ། ཐང་རྒྱལ་རབས་ཀྱི་ཆབ་སྲིད་རུལ་སུངས་དང་ནང་ཁུལ་དམག་ཤུགས་ཀྱིས་སྟོང་བའི་གླགས་དང་བསྟུན་ནས་སྤྱི་ལོ755ལོའི་ཟླ11པར་སྲིད་བློན་དབྱང་ཀའོ་ཀྲོན་ལ་ངོ་རྒོལ་བྱེད་རྒྱུར་ཁ་གཡར་ནས་ཧྥན་དབྱང་ས་ཆར་ཟིང་འཁྲུག་བསླངས་ཤིང་།  སྔ་གཞུག་ཏུ་ལུའོ་དབྱང་དང་ཁྲང་ཨན་བཟུང་། ཐང་ཞོན་ཙུང་དངངས་འཚབ་ཀྱིས་ཁྲིན་ཏུའུ་རུ་བྲོས། དེའི་རྗེས་སུ་ངོ་ལོག་དམག་ནང་ཁུལ་དུ་དབང་ཆ་འཕྲོག་རྩོད་བྱས་ཤིང་། ཨན་ལུའུ་ཧྲན་དང་ཧྲི་སི་མིང་གཉིས་རང་གི་བུས་སྔ་རྗེས་སུ་བསད། དེ་ལྟར་ཁོ་ཚོའི་སྟོབས་ཤུགས་ཉམས་དམས་སུ་གྱུར་པ་དང་། གོང་མ་ཐང་སུའུ་ཙུང་གིས་དམག་དཔོན་ཀོ་ཙི་དབྱི་དང་ལི་ཀོང་པི་གཉིས་མངགས་ནས་ཟིང་འཁྲུག་ཞི་འཇགས་སུ་བཏང་།762ལོར་ངོ་ལོག་དམག་ཕམ་པར་བརྒྱབ། ཟིང་འཁྲུག་དེས་བཟུང་ཐང་རྒྱལ་རབས་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་གྱུར་བ་དང་། སྲུང་དཔོན་གྱིས་ཡུལ་ཁམས་བཅད་བཟུང་བྱེད་པའི་རྣམ་པ་ཆགས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།