ཀྲོའུ་བྱང་མའི་ཝུའུ་ཏིའི་བཅོས་བསྒྱུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲོའུ་བྱང་མའི་ཝུའུ་ཏིའི་བཅོས་བསྒྱུར།
ཀྲོའུ་བྱང་མའི་གོང་མ་ཝུའུ་ཏི་ཞེས་པ་ནི་ཁོང་ཁྲིར་བཞུགས་རྗེས་བཅོས་བསྒྱུར་རབས་དང་རིམ་པ་བྱས་པ་སྟེ། དཔོན་སྲོལ་དག་ཐེར་དང་ཀྲུང་དབྱང་དབང་ཆ་གཅིག་སྡུད་ལ་ཤུགས་བསྣན། བྲན་གཡོག་ལ་གློད་གྲོལ་བཏང་། ས་ཞིང་དང་མི་གྲངས་སྤ་གསང་བྱེད་པའི་དཔོན་རྒྱུད་ལ་ཉེས་ཆད་བཅད། ཞིང་སར་ཆུ་རྐ་བརྐོས། ཆོས་ལུགས་དགག་པ་སྟེ། བཙུན་པ་དང་བཙུན་མ་མང་པོ་གྲྭ་ལོག་བྱས་ནས་ཞིང་ལས་གཉེར་དགོས་པའི་བཀའ་བསྒྲགས། དམག་ཁུངས་རྒྱ་བསྐྱེད་པ་སོགས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北周武帝改革
ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
དུས་སྐབས།
སྤྱི་ལོ་543-578ལོ།
དོན་རྐྱེན་གཙོ་བོ།
དཔོན་སྲོལ་དག་ཐེར་དང་བྲན་གཡོག་ལ་གློད་གྲོལ་བཏང་བ་སོགས་བཅོས་སྒྱུར་རབས་དང་རིམ་པ་བྱས།
1 ལོ་རྒྱུས་མདོར་བསྟན། 

ཀྲོའུ་བྱང་མའི་གོང་མ་ཝུའུ་ཏི(543 -578)ནི་ཞན་པེ་རིགས་ཡིན་ལ། ལོ་ངོ 18ཙམ་གྱི་རིང་ལ་ཁྲིར་བཞུགས་པ་དང་དགུང་ལོ 35ཡི་ཐོག་ཚེ་ལས་འདས། ཁོང་ཁྲིར་བཞུགས་རྗེས་བཅོས་བསྒྱུར་རབས་དང་རིམ་པ་བྱས་པ་སྟེ། དཔོན་སྲོལ་དག་ཐེར་དང་ཀྲུང་དབྱང་དབང་ཆ་གཅིག་སྡུད་ལ་ཤུགས་བསྣན། བྲན་གཡོག་ལ་གློད་གྲོལ་བཏང་། ས་ཞིང་དང་མི་གྲངས་སྤ་གསང་བྱེད་པའི་དཔོན་རྒྱུད་ལ་ཉེས་ཆད་བཅད། ཞིང་སར་ཆུ་རྐ་བརྐོས། ཆོས་ལུགས་དགག་པ་སྟེ། བཙུན་པ་དང་བཙུན་མ་མང་པོ་གྲྭ་ལོག་བྱས་ནས་ཞིང་ལས་གཉེར་དགོས་པའི་བཀའ་བསྒྲགས། དམག་ཁུངས་རྒྱ་བསྐྱེད་པ་སོགས་སོ། ། བཅོས་སྒྱུར་དེ་དག་གིས་ཀྲོའུ་བྱང་མའི་སྟོབས་ཤུགས་རྒྱས་ཤིང་བྱང་ཕྱོགས་གཅིག་གྱུར་བྱེད་ཐུབ་པ་བྱུང་། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-24

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།