ས་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་འཛིན།
འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཆུང་ཞིང་མདོག་ཁམ་སེར་ཆུང་བར་ཉ་ཁྲབ་ལྟ་བུའི་རི་མོ་ཡོད་ལ་ཨ་ར་ལྟ་བུའི་རྩ་ཕྲན་ཕྲ་ལ་མང་བ་དང་། རྩ་བའི་སྟོད་དུ་ལོ་མ་རྙིང་བའི་ངར་བ་ཡང་མང་པོ་བསྡད་ཡོད། ལོ་མ་ལྗང་ཞིང་རྒྱབ་སྐྱ་བ་དང་། ལོ་མ་མང་པོ་གཞི་རྩ་ནས་ཆུན་པོར་སྐྱེ་ཞིང་ལོ་ལྷེབ་རེ་རེའི་དབྱིབས་སྒོར་ནར་སྒོང་གཟུགས་འདྲ་བའི་མཐར་ཉག་ཞིབ་ཅིང་སོག་ལེའི་སོ་འདྲ་བ་དང་རྩ་རིས་བྱ་སྒྲོ་ལྟར་གྱེས་པ་གསལ་པོར་མངོན་ཞིང་རྒྱབ་ཏུ་འབུར་ནས་དེ་བས་གསལ་པོ་ཡོད། སྤྱིའི་ལོ་མའི་ངར་བ་སྨུག་པོ་རིང་ཞིང་ལོ་མ་དང་ངར་བ་གཉིས་ཀར་སྤུ་དཀར་འཇམ་ལ་རིང་བ་མང་པོ་ཡོད་ཅིང་། གཞི་རྩ་ནས་ས་འཛིན་དྲ་བ་སྨུག་པོ་ཟངས་སྐུད་ལྟར་ཕྲ་བ་ས་སྟེང་དུ་ཕན་ཚུན་སྦྲེལ་ནས་བསྡད་ཡོད། མེ་ཏོག་དཀར་པོའམ་སེར་སྐྱ་འདབ་མ་ལྔ་ལྡན་ཡིན་ལ་འདབ་མར་བལ་སྤུ་དཀར་པོ་ཐར་ཐོརཡོད་ཅིང་།ངར་བ་རིང་བ་ཁ་ཤས་རྐྱང་པར་ལོ་མའི་དབུས་ནས་ཤར་ཞིང་། འབྲས་བུ་དམར་པོ་རིལ་ལ་འབུར་ཚག་ཅན་ཆེ་ཆུང་མཐེབ་མགོ་ཙམ་ལ་ཁུ་བ་ཡོད་པའི་འབྲས་བུ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ས་འཛིན།
རྒྱ་ཡིག་གི་མིང་།
短穗兔耳草
ཕྱི་ཡིག་གི་མིང་།
Lagotis brachystachya Maxim.
སྡེ།
སེ་བའི་སྡེ།
ཁོངས་གཏོགས།
འབྲི་ཏ་ས་འཛིན་གྱི་ཁོངས་གཏོགས།
རིགས་དབྱེ།
སྔོ་སྨན།
1 མིང་གཞན།   

ས་འདྲེ་དང་། འབྲི་ཏ་ས་འཛིན་ཡང་ཟེར།

2 སྐྱེ་དབྱིབས། 

འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཆུང་ཞིང་མདོག་ཁམ་སེར་ཆུང་བར་ཉ་ཁྲབ་ལྟ་བུའི་རི་མོ་ཡོད་ལ་ཨ་ར་ལྟ་བུའི་རྩ་ཕྲན་ཕྲ་ལ་མང་བ་དང་། རྩ་བའི་སྟོད་དུ་ལོ་མ་རྙིང་བའི་ངར་བ་ཡང་མང་པོ་བསྡད་ཡོད། ལོ་མ་ལྗང་ཞིང་རྒྱབ་སྐྱ་བ་དང་། ལོ་མ་མང་པོ་གཞི་རྩ་ནས་ཆུན་པོར་སྐྱེ་ཞིང་ལོ་ལྷེབ་རེ་རེའི་དབྱིབས་སྒོར་ནར་སྒོང་གཟུགས་འདྲ་བའི་མཐར་ཉག་ཞིབ་ཅིང་སོག་ལེའི་སོ་འདྲ་བ་དང་རྩ་རིས་བྱ་སྒྲོ་ལྟར་གྱེས་པ་གསལ་པོར་མངོན་ཞིང་རྒྱབ་ཏུ་འབུར་ནས་དེ་བས་གསལ་པོ་ཡོད། སྤྱིའི་ལོ་མའི་ངར་བ་སྨུག་པོ་རིང་ཞིང་ལོ་མ་དང་ངར་བ་གཉིས་ཀར་སྤུ་དཀར་འཇམ་ལ་རིང་བ་མང་པོ་ཡོད་ཅིང་། གཞི་རྩ་ནས་ས་འཛིན་དྲ་བ་སྨུག་པོ་ཟངས་སྐུད་ལྟར་ཕྲ་བ་ས་སྟེང་དུ་ཕན་ཚུན་སྦྲེལ་ནས་བསྡད་ཡོད། མེ་ཏོག་དཀར་པོའམ་སེར་སྐྱ་འདབ་མ་ལྔ་ལྡན་ཡིན་ལ་འདབ་མར་བལ་སྤུ་དཀར་པོ་ཐར་ཐོརཡོད་ཅིང་།ངར་བ་རིང་བ་ཁ་ཤས་རྐྱང་པར་ལོ་མའི་དབུས་ནས་ཤར་ཞིང་། འབྲས་བུ་དམར་པོ་རིལ་ལ་འབུར་ཚག་ཅན་ཆེ་ཆུང་མཐེབ་མགོ་ཙམ་ལ་ཁུ་བ་ཡོད་པའི་འབྲས་བུ་ཡིན།

3 འཐུ་དུས་དང་ལས་སྣོན།   

སྨན་དུ་རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པར་བཏུས་ཏེ་གཙང་མར་བཀྲུས་རྗེས་གཙང་སར་སྐམ་སྟེ་བེད་སྤྱོད་སྐབས་རྩ་བའི་ཨ་ར་དང་ལོ་མ་རྙིང་པའི་ངར་བ་དོར་དགོས། 

4 རོ་ནུས་ཞུ་རྗེས།    

རོ་ཅུང་མངར་ཞིང་ཁ་བ་དང་།  ཞུ་རྗེས་མངར་བ། ནུས་པ་དྲོ་ལ་གཡོ་ཞིང་རྟུལ་བའོ།།

5 རྐྱང་བའི་ཕན་ཡོན།  

གློ་བ་སོགས་བྱང་ཁོག་ལ་རྣག་ཁྲག་ཆུ་སེར་འཁོར་བ་དང་།། རྩར་ཚ་ཞུགས་པ། བད་མཁྲིས་ཀྱི་ནད་བྱིང་ཞིང་འཐིབས་པ་སོགས་ལ་ཕན།


བརྡ་འགྲེལ་གདོང་འཛར།

ས་འཛིན། མེ་ཏོག ལོ་མ། འབྲས་བུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-21

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།