དབང་བོ་ལག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབང་བོ་ལག་པ།
ལྡུམ་བུ་ཐང་སྨན་གྱི་རིགས་ཤིག་སྟེ། འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཤ་རྒྱུ་ཅན་ཤ་མདོག་འདྲ་བ་དབྱིབས་བུ་ཆུང་གི་ལག་པ་འདྲ་བ་གསར་རྙིང་གཉིས་ཐལ་མོ་འབྱར་ནས་སྐྱེས་པར་ཨ་ར་ལྟ་བུའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། སྡོང་བོ་ཆིག་སྐྱེས་རིང་བ་ཁྲུ་གང་ཙམ་དང་ཐུང་བ་མཐོ་གང་ལྷག་ཙམ་དྲང་པོར་སྐྱེ་བར་ཡལ་ག་མེད་ཅིང་། ལོ་མ་ལྗང་སེར་འཇམ་ལ་སྣུམ་པ་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའི་རྒྱབ་ཅུང་ཟད་སྐྱ་ལ་རྩེ་རིམ་བཞིན་ཕྲ་བ། སྨད་ཆས་སྡོང་བོ་རིམ་པས་བཏུམས་ཏེ་སྐྱེ་བ་དང་། མེ་ཏོག་དམར་སྐྱ་ལུག་རུའི་མེ་ཏོག་དབྱིབས་འདྲ་བ་རེ་འགའ་སེར་པོ་ཡང་འཆར་བ་སྙེ་དབྱིབས་མེ་ཏོག་བང་རིམ་སྡོང་བོའི་རྩེར་ཚགས་དམ་པོར་ཤར་བ་ཡོད། འབྲས་བུ་སྐམ་ཚག་རྩེ་རྣོ་བའི་ནང་འབྲུ་གུ་སེར་སྨུག་ཤིན་ཏུ་ཆུང་བ་རིང་བསྲེལ་འདྲ་བ་མང་པོ་ཡོད་དོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དབང་བོ་ལག་པ།
རྒྱ་ཡིག་གི་མིང་།
手掌参
ལ་ཏིང་གི་མིང་།
Gymnadenia Conopsea
སྡེ།
དབང་ལག་གི་སྡེ།
ཁོངས་གཏོགས།
དབང་ལག་གི་ཁོངས་གཏོགས།
རིགས་དབྱེ།
ཐང་སྨན།
1 མིང་གཞན། 

བརྒྱ་བྱིན་དང་། སྟོབས་སྐྱེད། ཡིནྡྲ་ཀ་ར་སོགས་ཀྱང་ཟེར། 

2 སྐྱེ་དབྱིབས། 

འཁྲུངས་དཔེ་རུ། སྤང་དང་ཆུ་མིག་འགྲམ་ལ་སྐྱེ།། ལོ་མ་ཏ་ལོའི་ལོ་མ་འདྲ།། མེ་ཏོག་དར་དཔྱངས་འཁྱིལ་བ་འདྲ།། སྙེ་མ་བྲ་བོའི་སྙེ་མ་འདྲ།། རྩ་བ་མི་ཡི་ལག་པ་འདྲ།། ཞེས་བསྟན་པ་ལྟར་འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཤ་རྒྱུ་ཅན་ཤ་མདོག་འདྲ་བ་དབྱིབས་བུ་ཆུང་གི་ལག་པ་འདྲ་བ་གསར་རྙིང་གཉིས་ཐལ་མོ་འབྱར་ནས་སྐྱེས་པར་ཨ་ར་ལྟ་བུའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། སྡོང་བོ་ཆིག་སྐྱེས་རིང་བ་ཁྲུ་གང་ཙམ་དང་ཐུང་བ་མཐོ་གང་ལྷག་ཙམ་དྲང་པོར་སྐྱེ་བར་ཡལ་ག་མེད་ཅིང་། ལོ་མ་ལྗང་སེར་འཇམ་ལ་སྣུམ་པ་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའི་རྒྱབ་ཅུང་ཟད་སྐྱ་ལ་རྩེ་རིམ་བཞིན་ཕྲ་བ། སྨད་ཆས་སྡོང་བོ་རིམ་པས་བཏུམས་ཏེ་སྐྱེ་བ་དང་། མེ་ཏོག་དམར་སྐྱ་ལུག་རུའི་མེ་ཏོག་དབྱིབས་འདྲ་བ་རེ་འགའ་སེར་པོ་ཡང་འཆར་བ་སྙེ་དབྱིབས་མེ་ཏོག་བང་རིམ་སྡོང་བོའི་རྩེར་ཚགས་དམ་པོར་ཤར་བ་ཡོད། འབྲས་བུ་སྐམ་ཚག་རྩེ་རྣོ་བའི་ནང་འབྲུ་གུ་སེར་སྨུག་ཤིན་ཏུ་ཆུང་བ་རིང་བསྲེལ་འདྲ་བ་མང་པོ་ཡོད་དོ།།     

3 འཐུ་དུས་དང་ལས་སྣོན། 

སྨན་ལ་རྩ་བ་བོད་ཟླ་བརྒྱད་པ་ཙམ་ལ་རྩ་བའི་ཆུ་རྣམས་རིམ་བཞིན་ཤ་རྒྱུ་ལ་ཐིམ་པའི་སྐབས་སུ་བཏུས་ཏེ་བཀོག་མ་ཐག་པའི་དབང་ལག་གི་དྲེག་པ་རྣམས་བཀོག་སའི་གནས་དེ་གར་ཆུ་ལ་གཙང་མར་བཀྲུས་ན་དུག་ཕྱུང་བ་དང། དེ་རྗེས་ཆུ་གཙང་ཉིས་འགྱུར་དུ་ཆུ་རང་ཐིམ་བཙོས་པས་ནུས་པ་དྲོད་དུ་འགྲོ་བ། སླར་ཡང་རའི་འོ་མ་བཞི་འགྱུར་དབང་ལག་ལ་འཐིམ་པར་བཙོས་ན་བཅུད་དུ་འགུག་པ་ཡིན་ནོ།།

4 རོ་ནས་ཞུ་རྗེས། 

རོ་མངར་ལ་བསྐ་བ་དང་། ཞུ་རྗེས་མངར་བ།  ནུས་པ་ལྕི་ལ་དྲོ་ཞིང་སྣུམ་པའོ།།

5 རྐྱང་བའི་ཕན་ཡོན། 

ལུས་ཀྱི་སྟོབས་དང་ཁུ་བ་སྐྱེད་པར་བྱེད་ཅིང་། བཅུད་ལེན་དུ་བསྟེན་ན་ལུས་ཀྱི་མདངས་སྟོབས་དང་ཚེ་སྲིང་བར་བྱེད་དོ།།

བརྡ་འགྲེལ་གདོང་འཛར།

དབང་བོ་ལག་པ། མེ་ཏོག འབྲས་བུ། རྩ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-21

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།