ཧོར་གྱི་གྱོན་ཆས་གྱོན་པ་དང་སྐྱ་དམག་མདའ་འཕེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོར་གྱི་གྱོན་ཆས་གྱོན་པ་དང་སྐྱ་དམག་མདའ་འཕེན།
འདི་ནི་ཀྲའོ་རྒྱལ་ཕྲན་གྱི་ཝུའུ་ལའེ་རྒྱལ་པོས་དབང་བསྒྱུར་སྐབས་མཐའ་མཚམས་ཉེ་འགྲམ་གྱི་ཀྲུང་ཧྲན་རྒྱལ་ཁབ་དང་འབྲོག་ལས་ལ་བརྟེན་པའི་མི་རིགས་ཀྱི་སྐྱ་དམག་གིས་དུས་རྒྱུན་དུ་ཚུར་རྒོལ་གྱི་འཇིགས་སྣང་སྐུལ་བཞིན་ཡོད་པས་ཝུའུ་ལའེ་རྒྱལ་པོས་དམག་དོན་བཅོས་བསྒྱུར་དང་སྐྱ་དམག་བསྒྲིགས་ཏེ་དམག་ཤུགས་རྒྱ་བསྐྱེད་པས། ཀྲན་གོའི་དུས་མཇུག་ཏུ་ཆིན་རྒྱལ་ཕྲན་དང་འགྲན་འཛུགས་ཐུབ་པའི་རྒྱལ་ཕྲན་ཁོ་ནར་གྱུར། ཧོར་གྱི་གྱོན་ཆས་གྱོན་པ་དང་སྐྱ་དམག་མདའ་འཕེན་ཀྱི་སྲིད་ཇུས་དེས་དུས་སྐབས་དེ་དང་རྗེས་ཕྱོགས་ཀྱི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
胡服骑射
ཁོངས་གཏོགས།
དམག་དོན།
དུས་སྐབས།
ཀྲན་གོ
མི་སྣ་གཙོ་བོ།
ཝུའུ་ལའེ་རྒྱལ་པོ།
1 ངོ་སྤྲོད། 

འདི་ནི་ཀྲའོ་རྒྱལ་ཕྲན་གྱི་ཝུའུ་ལའེ་རྒྱལ་པོས་དབང་བསྒྱུར་སྐབས་མཐའ་མཚམས་ཉེ་འགྲམ་གྱི་ཀྲུང་ཧྲན་རྒྱལ་ཁབ་དང་འབྲོག་ལས་ལ་བརྟེན་པའི་མི་རིགས་ཀྱི་སྐྱ་དམག་གིས་དུས་རྒྱུན་དུ་ཚུར་རྒོལ་གྱི་འཇིགས་སྣང་སྐུལ་བཞིན་ཡོད་པས་ཝུའུ་ལའེ་རྒྱལ་པོས་དམག་དོན་བཅོས་བསྒྱུར་དང་སྐྱ་དམག་བསྒྲིགས་ཏེ་དམག་ཤུགས་རྒྱ་བསྐྱེད་པས། ཀྲན་གོའི་དུས་མཇུག་ཏུ་ཆིན་རྒྱལ་ཕྲན་དང་འགྲན་འཛུགས་ཐུབ་པའི་རྒྱལ་ཕྲན་ཁོ་ནར་གྱུར། ཧོར་གྱི་གྱོན་ཆས་གྱོན་པ་དང་སྐྱ་དམག་མདའ་འཕེན་ཀྱི་སྲིད་ཇུས་དེས་དུས་སྐབས་དེ་དང་རྗེས་ཕྱོགས་ཀྱི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད།

1_1 ནང་དོན་མདོར་བསྟན། 

ཀྲའོ་རྒྱལ་ཕྲན་གྱི་ཝུའུ་ལའེ་རྒྱལ་པོས(སྤྱི་ལོ་སྔོན་གྱི་325-295ཁྲིར་བཞུགས)དབང་བསྒྱུར་སྐབས་མཐའ་མཚམས་ཉེ་འགྲམ་གྱི་ཀྲུང་ཧྲན་རྒྱལ་ཁབ་དང་འབྲོག་ལས་ལ་བརྟེན་པའི་མི་རིགས་ཀྱི་སྐྱ་དམག་གིས་དུས་རྒྱུན་དུ་ཚུར་རྒོལ་གྱི་འཇིགས་སྣང་སྐུལ་བཞིན་ཡོད་པས་ཝུའུ་ལའེ་རྒྱལ་པོས་དམག་དོན་བཅོས་བསྒྱུར་དང་སྐྱ་དམག་བསྒྲིགས་ཏེ་དམག་ཤུགས་ཆེ་རུ་གཏོང་བའི་སེམས་ཐག་བཅད། ཁོས་ཐོག་མར་ལྟ་བ་མི་མཐུན་པའི་བློན་པོ་དག་གི་སེམས་ཁ་བསྒྱུར་ཅིང་། ཁྱིམ་མཚེས་མི་རིགས་ཏེ་ཧོར་རིགས་ཀྱི་ཆ་ལུགས་སྤྲས་པ་དང་མདའ་འཕེན་སྦྱོར་བརྡར་དགོས་པའི་བཀའ་བསྒྲགས་པ་སྟེ། བློན་ཆེན་མན་ཆད་ཀྱི་སྐུ་དྲག་དག་གི་དམག་མིས་ཧོར་རིགས་ཀྱི་བཟོ་ལྟ་ལྟར་རྒྱབ་གཞུང་ཐུང་ཞིང་ཕུ་ཐུང་དོག་པ། ཀོ་བའི་སྐེ་རགས་བཅངས་པ། རྐང་བར་འཇུར་རྟ་གོན་པ་བཅས་ཀྱི་གྱོན་ཆས་སྤྲས་ཤིང་། གཡུལ་ངོར་སྐྱ་དམག་གིས་ཤིང་རྟ་འཁོར་ལོའི་ཚབ་བྱེད་དགོས་པར་ཐག་བཅད་པ་བཅས་དམག་དོན་ལམ་ལུགས་བཅོས་བསྒྱུར་གྱིས་རྒྱལ་ཁབ་ཀྱི་དམག་ཤུགས་ཆེ་རུ་བཏང་བས། རིམ་བཞིན་ཀྲན་གོའི་དུས་མཇུག་ཏུ་ཆིན་རྒྱལ་ཕྲན་དང་འགྲན་འཛུགས་ཐུབ་པའི་རྒྱལ་ཕྲན་ཁོ་ནར་གྱུར། ཧོར་གྱི་གྱོན་ཆས་གྱོན་པ་དང་སྐྱ་དམག་མདའ་འཕེན་ཀྱི་སྲིད་ཇུས་དེས་དུས་སྐབས་དེ་དང་རྗེས་ཕྱོགས་ཀྱི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཧན་ཀའོ་ཙུའུ་ཡིས་ཀྲའོ་ཝུའུ་ལའེ་རྒྱལ་པོར་རྗེས་དྲན་གྱི་ཆེད་དུ་དེའི་བང་སོའི་ཉེ་འདབས་སུ་ལའེ་ཆུའུ་ཞེས་རྫོང་ཞིག་བཙུགས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-21

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།