ཏོའོ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏོའོ་ལུགས།
ཏའོ་ལུགས་ནི་ཀྲུང་གོའི་གནའ་རབས་སུ་ལའོ་ཙིས་སྲོལ་ཕྱེས་པའི་གྲུབ་མཐའ་ཞིག་ཡིན། དེའི་ཚབ་བྱེད་མི་སྣ་གཙོ་བོར་ཀྲུང་ཙི་དང་ལའོ་ཙི། ཝུན་ཙི་སོགས་ཡོད་ལ། ནང་གསེས་སུ་ལའོ་ཀྲུང་རིག་པ་དང་ཧང་ལའི་རིག་པ་སོགས་གྲུབ་མཐའ་ཐ་དད་མང་དུ་ཡོད། ཏའོ་ལུགས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཡོད་དགུའི་འབྱུང་གཞི་ནི་“ལམ” (道)ཡིན་པ་དང་། དེ་ནི་དབྱིབས་མེད་གཟུགས་མེད་ཡུལ་དུས་ལས་འདས་པའི་རྟག་པ་ཞིག་ལ་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
道教
ཕྱི་ཡིག་གི་མིང་།
Daoism. Talism
གྲུབ་མཐའ་གཙོ་བོ།
ལའོ་ཀྲུང་རིག་པ། ཧང་ལའི་རིག་པ།
སྲོལ་འབྱེད་མཁན།
ལའོ་ཙི།
ལྟ་བའི་དགོངས་པ།
གནམ་དང་མི་གཞི་གཅིག
1 ​ངོ་སྤྲོད། 

ཏའོ་ལུགས་ནི་ཀྲུང་གོའི་གནའ་རབས་སུ་ལའོ་ཙིས་སྲོལ་ཕྱེས་པའི་གྲུབ་མཐའ་ཞིག་ཡིན། དེའི་ཚབ་བྱེད་མི་སྣ་གཙོ་བོར་ཀྲུང་ཙི་དང་ལའོ་ཙི། ཝུན་ཙི་སོགས་ཡོད་ལ། ནང་གསེས་སུ་ལའོ་ཀྲུང་རིག་པ་དང་ཧང་ལའི་རིག་པ་སོགས་གྲུབ་མཐའ་ཐ་དད་མང་དུ་ཡོད། ཏའོ་ལུགས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཡོད་དགུའི་འབྱུང་གཞི་ནི་“ལམ”(道)ཡིན་པ་དང་། དེ་ནི་དབྱིབས་མེད་གཟུགས་མེད་ཡུལ་དུས་ལས་འདས་པའི་རྟག་པ་ཞིག་ལ་གོ། ཆབ་སྲིད་ཐད་“དམིགས་མེད”ཀྱི་འདོད་ཚུལ་འཛིན་ཅིང་ཁྲིམས་བཙན་ལུགས་བཙན་འགོག་དགོས་པར་འདོད། ཁྲུན་ཆིའུ་དུས་སྐབས་སུ་སྤྱི་ཚོགས་ཟིང་འཁྲུག་ཆེ་ཞིང་མི་སེར་སྡུག་བསྔལ་གྱིས་མནར་བས་ལའོ་ཙི་ཞེས་པའི་མི་དེས་འཐབ་འཁྲུག་མེད་པའི་ལྷིང་འཇགས་ཀྱི་སྤྱི་ཚོགས་ཞིག་ཏུ་འཚོ་བའི་རེ་བ་ཤིན་ཏུ་ཆེ་བས་ལྟ་བ་དེ་དག་བཏོན་པ་རེད། ཏའོ་ལུགས་ཀྱི་བསམ་བློ་རེ་ཞིག་ལ་རྒྱལ་རབས་ཁ་ཤས་ཀྱིས་དབང་སྒྱུར་གྱི་བསམ་བློར་བེད་སྤྱད་དེ་མཐོང་ཆེན་བྱས་ལ། ཀྲུང་གོའི་གནའ་རབས་ཆབ་སྲིད་བསམ་བློ་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེ་ཞིང་རུའུ་ལུགས་དང་མཉམ་དུ་སྐབས་དེའི་བསམ་བློའི་གཞི་རྩར་གྱུར།  


བརྡ་འགྲེལ་གདོང་འཛར།

ཏོའོ་ལུགས། ལའོ་ཙི། ལམ། དམིགས་མེད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-21

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།