ཅེན་ཁུས་ཆིན་རྒྱལ་པོར་ལྐོག་གནོད་བྱས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅེན་ཁུས་ཆིན་རྒྱལ་པོར་ལྐོག་གནོད་བྱས་པ།
​ཅེན་ཁུས་ཆིན་རྒྱལ་པོར་ལྐོག་གནོད་བྱས་པ་ནི་ཀྲན་གོའི་དུས་མཇུག་ཏུ་ཆིན་རྒྱལ་ཕྲན་གྱིས་ཧན་བསྣུབས་རྗེས་ཀྲའོ་རྒྱལ་ས་ཧན་ཏན་འཕྲོག་ཅིང་། ཡན་རྒྱལ་ཕྲན་གྱི་ཉེ་སར་སླེབས་པས་ཡན་རྒྱལ་ཕྲན་གྱི་ཁེ་དབང་ལ་གནོན་ཤུགས་ཐེབས་པ་དང་ཡན་རྒྱལ་སྲས་ཏན་གྱིས་བློན་པོ་ཅེན་ཁུ་ཞེས་པ་ཆིན་རྒྱལ་པོ་ལྐོག་གསོད་ཀྱི་བྱེད་ཐབས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
荆轲刺秦王
ཕྱི་ཡིག་གི་མིང་།
The man wants to kill the king
དུས་སྐབས།
ཀྲན་གོ།
ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད། 

ཀྲན་གོའི་དུས་མཇུག་ཏུ་ཆིན་རྒྱལ་ཕྲན་གྱིས་ཧན་བསྣུབས་རྗེས་ཀྲའོ་རྒྱལ་ས་ཧན་ཏན་འཕྲོག་ཅིང་། ཡན་རྒྱལ་ཕྲན་གྱི་ཉེ་སར་སླེབས་པས་ཡན་རྒྱལ་ཕྲན་གྱི་ཁེ་དབང་ལ་གནོན་ཤུགས་ཐེབས། ཡན་རྒྱལ་སྲས་ཏན་གྱིས་བློན་པོ་ཅེན་ཁུ་ཞེས་པ་ཆིན་རྒྱལ་པོ་ལྐོག་གསོད་དུ་མངགས་པ་རེད། དེ་ཡང་ཆིན་གྱི་བློན་པོ་ཧྥན་ཡུས་ཆི་ཞེས་པས་ཆིན་གྱི་དབང་བསྒྱུར་བར་ཕོག་ཐུག་བཏང་བས་བྲོས་བྱོལ་དུ་ཡོང་ནས་ཧན་རྒྱལ་ཁབ་ཏུ་སྐུང་ཡོད། ཅེན་ཁུས་རྒྱལ་སྲས་ཏན་ལ་ཧྥན་ཡུས་ཆིའི་མགོ་དང་ཡན་ཏུའུ་ཁང་ས་ཆའི་ས་ཁྲ་གཉིས་ཆིན་རྒྱལ་པོར་འབུལ་ཁུལ་གྱིས་ལྐོག་གསོད་བྱེད་རྒྱུའི་ཐབས་བཏོན་པར་རྒྱལ་སྲས་ཏན་གྱིས་ཧྥན་ཡུས་ཆི་གསོད་རྒྱུར་སེམས་ནས་མ་བཟོད། ཅེན་ཁུས་ལྐོག་ནས་ཧྥན་དང་ཐུག་ཅིང་གནས་ཚུལ་ཇི་བཞིན་ཞུས་པར་ཧྥན་གྱིས་དེ་མ་ཐག་རང་སྲོག་བཅད། སྤྱི་ལོ་སྔོན་གྱི 227ལོར་ཅེན་ཁུས་སྲི་ཏུའུ་ཁང་ས་ཆའི་ས་ཁྲ་དང་ཧྥན་གྱི་མགོ་ཁྱེར་ནས་ཆིན་ལ་འབུལ་དུ་ཕྱིན། ཆིན་རྒྱལ་པོ་ཧ་ཅང་དགའ་ཞིང་ཞན་དབྱང་གི་ཕོ་བྲང་ནས་མཇལ་འཕྲད་བྱས། ཅེན་ཁུས་ས་ཁྲ་འབུལ་བའི་གླགས་ལ་རྒྱལ་པོར་བློ་གྲིས་བསྣུན་པར་ལེགས་འགྲུབ་མ་བྱུང་པ་མ་ཟད་རང་ཉིད་བསད་པ་རེད། དེ་ནས་བཟུང་ཆིན་རྒྱལ་ཁབ་གཅིག་གྱུར་ཡོང་པའི་གོམ་པ་ཇེ་མགྱོགས་སུ་སོང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-24

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།