ཕ་མ་གཉེན་འཐོར་བྱས་ནས་ཕྲུ་གུའི་ཁེ་དབང་ལ་བར་ཆད་བྱས་པའི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཕ་མ་གཉེར་འཐོར་བྱས་ནས་ཕྲུ་གུའི་ཁེ་དབང་ལ་བར་ཆད་བྱས་པའི་གྱོད་དཔེ་དང་རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ན་ཆུང་ཁྲིམས་ལུགས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དོན་དབྱེ་ཞིབ།
1 ངོ་སྤྲོད།

འདིར་ཕ་མ་གཉེར་འཐོར་བྱས་ནས་ཕྲུ་གུའི་ཁེ་དབང་ལ་བར་ཆད་བྱས་པའི་གྱོད་དཔེ་དང་རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

རིག་མཚོ་ཡི་ཕ་མ་གཉིས་ལོ་གཅིག་གི་ཡར་སྔོན་དུ་གཉེན་ཐོར་བས་ཁོ་རང་ཨ་ཕ་དང་མཉམ་དུ་འཚོ་བ་རོལ།  དང་ཐོག་རིག་མཚོ་ཡི་ཨ་ཕས་མོ་རང་ཨ་མ་དང་ཐུག་འཕྲད་བྱེད་པར་འཐད་ཀྱང་། ཕྱིས་སུ་མོའི་ཨ་མ་གཞན་དང་གཉེན་སྒྲིག་བྱས་པ་ནས་བཟུང་། ཨ་ཕས་མོ་རང་ཨ་མར་ཐུག་པར་བར་ཆད་དང་ཚད་བཀག་བཟོ་བཞིན་ཡོད། དེ་ནས་མོས་ཨ་ཕར་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་དྲིས་པ་ན།  ཨ་ཕས་མོ་ལ་ད་ལྟ་ཨ་མའི་བྱ་བ་བྲེལ་བ་ཆེ་བས་ཁྱོད་ལ་ཐུག་པའི་དུས་ཚོད་མེད་ཅེས་བཤད། མོའི་བསམ་པར་ཨ་མ་བྱ་བར་བྲེལ་བ་ཇི་འདྲའི་ཆེ་ནའང་མོ་ལ་ཐུག་པར་ཡོང་སྲིད་པས།    ཨ་མར་ནད་ཅིག་བྱུང་བ་ཡིན་ནམ་ཞེས་སེམས་ཁུར་བྱས། ཕྱིས་སུ་མོས་རྨོ་མོའི་ངག་ལས་གནས་ཚུལ་ཇི་བཞིན་དུ་རྟོགས་པས།  ད་གཟོད་ཨ་ཕས་མོ་ལ་མགོ་བསྐོར་བཏང་བ་ཤེས། དེ་ནས་མོས་ཨ་མ་བོས་ཡོང་ནས་ཨ་ཕ་དང་ཁ་འཛིང་བྱས།  ཨ་ཕས་རིག་མཚོ་ནི་དམའ་འབྲིང་གི་སློབ་མ་ཞིག་ཡིན་པས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པས། མ་སྨད་གཉིས་ཐུག་འཕྲད་བྱེད་པའི་དུས་ཚོད་ཀྱང་བསྒྱུར་དགོས་ཞེས་བཤད། ཨ་མས་མོ་ལ་སློབ་སྦྱོང་མ་གཏོགས་ཐུགས་ཁུར་དང་བྱམས་བརྩེའང་དགོས་ལ།  དེ་མིན་ཐུག་འཕྲད་ཀྱི་དུས་ཚོད་སྔོན་ལ་ཐག་བཅད་ཡོད་པས་མོའི་ཨ་ཕས་དེ་བཅོས་བསྒྱུར་བྱེད་པའི་དབང་ཆ་མེད་པར་བཤད།   འོ་ན་རིག་མཚོ་ཡི་ཨ་ཕས་མོ་མ་སྨད་གཉིས་ཀྱི་ཐུག་འཕྲད་དུས་ཚོད་བསྒྱུར་བཅོས་བྱེད་ཆོག་གམ།

3 ཁྲིམས་བཤད།

རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གསུམ་པ་ལས།  ཕ་མ་ལ་ནར་མ་སོན་པའི་སྐྱེ་བོ་ལ་སྲུང་སྐྱོང་དང་སློབ་གསོ་གཏོང་བའི་དབང་ཆ་དང་འོས་འགན་ཡོད་ཅེས་གཏན་ཁེལ་བྱས་ཡོད། དོན་ཚན་སོ་དྲུག་པ་ལས། ཕ་མ་དང་བུ་ཕྲུག་གི་འབྲེལ་བ་ནི་ཕ་མ་གཉེན་འཐོར་བྱས་པ་ལས་མཚམས་ཆད་པ་ཞིག་མིན།  གཉེན་འཐོར་བྱས་རྗེས་ཕྲུ་གུ་ཕ་མ་ཕྱོགས་གཉིས་ཀྱི་སུས་སྙོར་སྐྱོང་བྱས་ཀྱང་རུང་།      སྔར་བཞིན་ཕ་མ་གཉིས་ཀའི་ཕྲུ་གུ་ཡིན་ཞེས་དང་།   དོན་ཚན་སོ་བརྒྱད་པ་ལས།  གཉེན་འཐོར་བྱས་རྗེས་ཕྲུ་གུ་སྙོར་སྐྱོང་མི་བྱེད་པའི་ཕྱོགས་ལ་ཕྲུ་གུར་ཐུག་འཕྲད་བྱེད་པའི་ཁེ་དབང་ཡོད་པ་ཡིན། ཕྱོགས་ཅིག་ཤོས་ལ་རོགས་སྐྱོར་བྱེད་པའི་ཁེ་དབང་ཡང་ཡོད་པ་ཡིན།   ཐུག་འཕྲད་བྱེད་ཐབས་དང་དུས་ཚོད་སོགས་དོ་བདག་པར་གྲོས་འདུམ་བྱེད་དགོས།   གྲོས་འདུམ་བྱེད་དཀའ་བ་རྣམས་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱེད་དགོས།  ཕ་མར་ཐུག་འཕྲད་བྱས་ཚེ་ཕྲུ་གུའི་ལུས་སེམས་ལ་གནོད་པ་ཆེ་ན་མི་དམངས་ཁྲིམས་ཁང་གིས་ཐུག་འཕྲད་བྱེད་མཚམས་འཇོག་ཏུ་འཇུག་དགོས་ཞེས་གཏན་ཁེལ་བྱས་ཡོད།

གྱོད་དོན་འདིའི་ནང་བུ་མོ་རིག་མཚོ་ཡི་ཨ་མས་བུ་མོ་ལ་ཐུག་འཕྲད་བྱེད་པའི་ཆ་རྐྱེན་བཏོན་པ་ལྟར་ཐུག་འཕྲད་ཁེ་དབང་ལག་བསྟར་བྱས་པ་ཡིན།  ཁོ་མ་སྨད་གཉིས་ཐུག་འཕྲད་བྱས་པ་ལས་བུ་མོའི་ལུས་སེམས་བདེ་ཐང་ལ་ཕན་ནུས་ཆེན་པོ་ལྡན་པས། ཨ་ཕས་མོ་ལ་མགོ་བསྐོར་བཏང་ནས་མོ་མ་སྨད་གཉིས་ཐུག་འཕྲད་བྱེད་དུ་མ་བཅུག་པ་ནི་མོའི་ཨ་མའི་ཐུག་འཕྲད་ཁེ་དབང་ལ་གནོད་པ་བཏང་བར་མ་ཟད།    ཕྲུ་གུར་ཕྱོགས་ཅིག་ཤོས་ཀྱིས་གསོ་སྐྱོང་དང་སློབ་གསོ་མྱོང་བའི་ཁེ་དབང་མེད་པར་བཟོས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།