ནར་མ་སོན་པའི་སྐྱེ་བོ་ཕན་ཚུན་ཡིད་འཐད་བྱུང་ནས་ལུས་འབྲེལ་བྱུང་བའི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ནར་མ་སོན་པའི་སྐྱེ་བོ་ཕན་ཚུན་ཡིད་འཐད་བྱུང་ནས་ལུས་འབྲེལ་བྱུང་བའི་གྱོད་དཔེ་དང་ནར་མ་སོན་པའི་སྐྱེ་བོའི་བཅའ་ཁྲིམས་སོགས་ལ་གཞི་བཅོལ་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ན་ཆུང་ཁྲིམས་ལུགས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དོན་དབྱེ་ཞིབ།
1 ངོ་སྤྲོད།

འདིར་ནར་མ་སོན་པའི་སྐྱེ་བོ་ཕན་ཚུན་ཡིད་འཐད་བྱུང་ནས་ལུས་འབྲེལ་བྱུང་བའི་གྱོད་དཔེ་དང་ནར་མ་སོན་པའི་སྐྱེ་བོའི་བཅའ་ཁྲིམས་སོགས་ལ་གཞི་བཅོལ་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

དབང་ཕྱུག་ད་ལོར་ལོ་ན་བཅུ་དྲུག་ཡིན་ལ། ལོ་བཅོ་ལྔ་ཅན་གྱི་དབང་མོ་དང་ཁོ་གཉིས་ཆུང་འགྲོགས་ཡིན། དབྱར་གནང་གི་སྐབས་སུ་དབང་ཕྱུག་གི་ཕ་མ་གཉིས་ཕ་ཡུལ་ལ་སྟོན་ལས་བྱེད་དུ་ཕྱིན་པ་དང་། དབང་ཕྱུག་གིས་ཁོ་གཅིག་པུ་ཡུལ་དུ་ཡོད་པའི་གོ་སྐབས་དེ་བེད་སྤྱད་ནས་དབང་མོ་མགྲོན་དུ་བོས།       ཉིན་དེར་ཁོ་གཉིས་ལ་འདོད་ཆགས་ཀྱིས་ཁ་ལོ་བསྒྱུར་བས་རང་དབང་མེད་པར་ཕན་ཚུན་ཡིད་འཐད་བྱུང་བའི་ཆ་རྐྱེན་འོག་ལུས་འབྲེལ་བྱུང་།    རྗེས་སུ་དོན་འདི་དབང་མོའི་ཨ་ཕས་ཤེས་པས་ཁོང་ཁྲོ་རབ་ཏུ་སྐྱེས་ནས་དབང་ཕྱུག་གིས་ཁོའི་བུ་མོ་ལ་བཙན་གཡེམ་བྱས་པས་གཏུག་བཤེར་བྱེད་རྒྱུ་ཡིན་ཟེར།   འོན་ཀྱང་དབང་ཕྱུག་གི་སེམས་སུ་ཕན་ཚུན་ཡིད་འཐད་བྱུང་ནས་ལུས་འབྲེལ་བྱུང་བ་ཡིན་པས་འདི་ཡང་བཙན་གཡེམ་ཡིན་ནམ་ཞེས་ཐེ་ཚོམ་བྱས།  འོ་ན་དབང་ཕྱུག་གི་བསམ་ཚུལ་དེ་འགྲིག་གམ། 

3 ཁྲིམས་བཤད།

གཞན་དང་ལུས་འབྲེལ་བྱུང་བར་ངེས་པར་དུ་ཕ་རོལ་བོ་ཡིད་འཐད་བྱུང་དགོས་ལ་དེ་མིན་ཁྲིམས་ལུགས་སྟེང་འགན་ལྕི་མོ་འཁུར་དགོས།    ཡིན་ཡང་ཕ་རོལ་བ་ཡིད་འཐད་འབྱུང་དགོས་པ་གཞི་རྩའི་ཆ་རྐྱེན་ཡིན་པ་ལས་ཁྲིམས་ལུགས་སྟེང་འགན་འཁུར་མི་དགོས་པའི་ངེས་པ་མེད།    དེར་རང་རྒྱལ་གྱི་ཉེས་ཁྲིམས་ཁྲོད་ན་ན་ཆུང་བུ་མོར་གཡེམ་པའི་ཉེས་འགན་ཐག་གཅོད་བྱས་ཡོད་དེ། ཉེས་ཁྲིམས་ཀྱི་དོན་ཚན་བཅུ་བདུན་ནང་། ལོ་ན་བཅུ་དྲུག་ལ་སོན་ཡོད་པའི་སྐྱེ་བོས་ནག་ཉེས་བཟོས་ཚེ་ཉེས་འགན་འཁུར་དགོས།   ལོ་ན་བཅུ་བཞི་ལ་སོན་ཡང་བཅུ་དྲུག་ལ་མ་སོན་མཁན་གྱིས་བསམ་བཞིན་དུ་མི་བསད་པ་དང་རྨས་སྐྱོན་ཚབས་ཆེན་བཟོས་པ། བཙན་གཡེམ་དང་འཕྲོག་བཅོམ་བྱས་པ། དུག་འཚོང་རྒྱག་པ། མེ་བཏང་བ། འབར་གས་གཏོར་བ། དུག་བཏབ་པ་སོགས་ཀྱི་བྱས་ཉེས་བཟོས་ཚེ་ཉེས་འགན་འཁུར་དགོས། ལོ་བཅུ་བཞི་ལ་སོན་ཡང་ལོ་བཅོ་བརྒྱད་ལ་མ་སོན་པའི་སྐྱེ་བོས་ནག་ཉེས་བཟོས་ན་ཁྲིམས་ཆད་ཡང་མོ་གཅོད་དགོས།   ལོ་ན་བཅུ་དྲུག་ལ་མ་སོན་པའི་རྐྱེན་གྱིས་ཉེས་ཆད་མ་ཕོག་པ་ལ་ཁྱིམ་བདག་དང་ལྟ་སྐྱོང་མཁན་གཞན་དག་གིས་སློབ་གཅུན་ནན་མོ་བྱེད་དགོས།  དགོས་གལ་ཆེ་བའི་སྐབས་སུ་སྲིད་གཞུང་གིས་ཉར་གསོ་སློབ་གཅུན་བྱས་ཀྱང་ཆོག་ཅེས་དང་། དོན་ཚན་ཉིས་བརྒྱ་སོ་དྲུག་པ་ལས།   དྲག་ཤུགས་དང་བཙན་ཤུགས་སོགས་ལ་བརྟེན་ནས་བུད་མེད་ལ་བཙན་གཡེམ་བྱས་པར་ལོ་གསུམ་མན་ནས་ལོ་བཅུའི་བར་གྱི་དུས་བཙོན་དང་། ལོ་བཅུ་བཞི་ལ་མ་སོན་པའི་བུ་མོར་བཙན་གཡེམ་བྱས་པར་ཁྲིམས་ཆད་ནན་མོ་གཅོད་དགོས་ཞེས་དང་། དོན་ཚན་དྲུག་པ་ལས། ལོ་ན་བཅུ་བཞི་ལ་སོན་ཡང་བཅུ་དྲུག་ལ་མ་སོན་པའི་བུ་མོ་ལོ་ཆུང་དང་ལུས་འབྲེལ་བྱུང་ནའང་།     བྱས་ཉེས་བཟོས་པའི་མཇུག་འབྲས་ཚབས་ཆེན་མིན་ཚེ་ནག་ཉེས་བཟོས་པར་མི་གཏོགས་ཞེས་གཏན་ཁེལ་བྱས་ཡོད།     ཁྲིམས་ལུགས་སྟེང་འདི་ལྟར་ཐག་གཅོད་བྱེད་དགོས་དོན་ནི་ལོ་ན་ཆུང་བའི་བུ་མོ་དག་གི་བསམ་བློའི་ཁོ་ལག་ད་དུང་ཡོངས་སུ་རྒྱས་མེད་པས་ཕོ་མོའི་བར་གྱི་འབྲེལ་བར་ཤེས་རྟོགས་ཆེར་མེད་པའི་ན་ཆུང་གི་ལུས་སེམས་ལ་སྲུང་སྐྱོང་བྱེད་ཆེད་ཁྲིམས་འདི་གཏན་ལ་ཕབ་པ་ཡིན། དེ་བས་དབང་ཕྱུག་གི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཡིན་ཡང་དབང་ཕྱུག་དང་དབང་མོ་གཉིས་ཕན་ཚུན་ཡིད་འཐད་བྱུང་ཡོད་པས།     དབང་མོ་དང་མོའི་ཨ་ཕ་གཉིས་ཀྱིས་ཞུ་གཏུག་མ་བྱས་ཚེ་ཁྲིམས་ཁང་གིས་དེ་ལ་ཐེ་གཏོགས་མི་བྱེད།      དབང་ཕྱུག་གིས་སྤོབས་པ་ཆེར་བསྐྱེད་ནས་དབང་མོའི་ཕ་མ་གཉིས་ལ་དགོངས་དག་ཞུས་ནས་ཁོ་གཉིས་ཀྱིས་གུ་ཡངས་གཏོང་བའི་རེ་བ་ཞུ་རྒྱུ་ནི་ཆེས་བཟང་བའི་ཐབས་བཀོད་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།