ཐང་རྩེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་རྩེད།
ཐང་རྩེད་ནི་རྒྱུག་ལམ་ནས་འགྲན་བསྡུར་བྱེད་པའི་རྣམ་གྲངས་དག་ཡིན་ཞིང་། དུས་ཚོད་ཚད་གཞི་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
径赛
ཁྱབ་ཁོངས།
ལུས་རྩལ།
རྒྱུག་ཚད།
སྨི100 སྨི200 སྨི800སོགས།
1 ངོ་སྤྲོད། 

ཐང་རྩེད་ནི་རྒྱུག་ལམ་ནས་འགྲན་བསྡུར་བྱེད་པའི་རྣམ་གྲངས་དག་ཡིན་ཞིང་། དུས་ཚོད་ཚད་གཞི་བྱེད་པ་ཡིན། 

2 དབྱེ་བ། 

ཐང་རྩེད་ཀྱི་རྣམ་གྲངས་ལ་ཐུང་རྒྱུག་དང་། འབྲིང་རྒྱུག རིང་རྒྱུག ཤིན་ཏུ་རིང་རྒྱུག ཤུགས་སྦྲེལ་བང་རྒྱུག ལྡིང་རའི་མཆོང་རྒྱུག འགོག་ཐབས་འགྲན་རྒྱུག འགྲོས་རྒྱུག་བཅས་ཡོད།

3 སྒྲིག་སྲོལ།

བང་རྒྱུག་འགྲན་བསྡུར་གྱི་སྒྲིག་ལམ་ནི་སྨི400ཚུན་གྱི་ཐང་རྩེད་མགོ་རྩོམ་དུས་ཙོག་སྟབས་ཀྱིས་རྒྱུག་འགོ་རྩོམ་དགོས་པ་དང་། སྨི800ཡན་གྱི་འགོ་རྩོམ་སྟངས་ནི་འགྲེས་སྟངས་ཀྱིས་རྒྱུག་འགོ་བརྩམས་ཆོག ཙོག་སྟབས་ཀྱི་འགོ་རྩོམ་པའི་ཚེ་ན་རྣམ་པ་ཚོ། མཉམ་ཞོགས་དང་། བོའུ་སྐད་བཅས་ཀྱིས་རིམ་པ་ཡོད། ཙོག་སྟབས་ལ་རིམ་པ་གཉིས་འདུག་སྟེ། གྲ་སྒྲིག་བྱོས། བོའུ་སྐད་གཉིས་སོ། ། ཐང་རྩེད་འགྲན་བསྡུར་ལ་ཆེས་རྙོག་འཛིང་ཆེ་བ་ནི་མཆོང་བརྒལ་དང་འགོག་ཐེབས་བང་རྒྱུག་ཡིན་ཏེ། མཆོང་བརྒལ་ལ་ལྡིང་བརྒལ་དང་། གྲི་ལྟེབ་རྣམ་པས་བརྒལ་བ་བཅས་རྒྱུག་པ་དང་མཆོང་བ་གཉིས་མཉམ་སྡེབ་བྱས་པའི་གཅིག་བསྡུས་ཀྱི་རྣམ་པར་ཐོད་བརྒལ་བྱས་ཡོད། འགོག་ཐེབས་བང་རྒྱུག་ནི་ལུས་རྩལ་པའི་མྱུར་ཚད་དང་ནུས་ཤུགས། བཟོད་བསྲན། མཉེན་ཚད། རྒྱུན་བསྲིངས་ནུས་པ་སོགས་ཕྱོགས་བསྡུས་ཀྱི་ནུས་པར་ལྟ་ཞིབ་བྱེད་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། ཤིན་ཏུ་རིང་བའི་བང་རྒྱུག་ལ་མཱ་ལ་སུང་བང་རྒྱུག་དང་། སྤྱི་ལེ50ཡི་འགྲོས་འགྲན་འགྲན་བསྡུར་གཉིས་ཡོད་ཅིང་། དེ་གཉིས་ནི་རྒྱ་ལམ་དུ་འགྲན་བསྡུར་བྱེད་པ་ཡིན་ཡང་ཆེས་མཐའི་བསྐོར་བ་དེ་ལུས་རྩལ་ར་བར་སླེབས་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-24

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།