མཱ་ལ་སུང་བང་རྒྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཱ་ལ་སུང་བང་རྒྱུག
མཱ་ལ་སུང་བང་རྒྱུག་ཅེས་པ་རྒྱུག་ཐག་རིང་བའི་བང་རྒྱུག་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ། རྒྱུག་ཚད་ཀྱི་ལམ་ཐག་སྤྱི་ལེ42.195ཡིན། བང་རྒྱུག་ལུས་རྩལ་འགྲན་བསྡུར་དེ་ནི་སྤྱི་ལེ་སྔོན་གྱི490ལོའི་ཟླ9པའི་ཚེས12ཉིན་གྱི་གཡུལ་འགྱེད་ཅིག་དང་བསྟུན་ནས་རིམ་བཞིན་དར་ཡོང་བའི་བང་རྒྱུག་ལུས་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马拉松
ཕྱི་ཡིག་གི་མིང་།
Marathon
ཁྱབ་ཁོངས།
ལུས་རྩལ།
རྒྱུག་ཚད།
སྤྱི་ལེ42.195
1 ངོ་སྤྲོད།

གནའ་བོའི་གྷི་རི་སིའི་དཔའ་རྒོད་ཧྥེ་ཏི་ཕེར་སི་ལ་དྲན་གསོ་བའི་ཕྱིར་དུ་སྤྱི་ལོ1896ལོར་ཡཱ་ཏེན་གྱི་སྐབས་དང་པོའི་ཨོ་ལིན་ལུས་རྩལ་རྒྱས་ཚོགས་སུ་མཱ་ལ་སུང་གི་བང་རྒྱུག་རྣམ་གྲངས་བྱུང་ཡོད། འགྲན་བསྡུར་དུ་ཞུགས་པའི་ལུས་རྩལ་པ་རེ་རེ་ཧྥེ་ཏི་ཕེར་སིས་རྒྱུག་མྱོང་བའི་ལམ་ཐིག་སྟེ་མཱ་ལ་སུང་ནས་ཡཱ་ཏེན་གྲོང་ཁྱེར་དུ་རྒྱུགས། ལམ་ཐིག་ཧྲིག་བོར་སྤྱི་ལེ40སྟེ་རྗེས་སུ་སྤྱི་ལེ42.195རུ་བསྒྱུར། སྤྱི་ལོ1924ལོའི་སྐབས་བརྒྱད་པའི་ཨོ་ལིན་ལུས་རྩལ་འགྲན་ཚོགས་སུ་རྒྱལ་སྤྱིའི་ལས་ཞོར་བང་རྒྱུག་མཉམ་འབྲེལ་ཚོགས་པས་སྤྱི་ལེ་42.195ནི་མཱ་ལ་སུང་གི་ཚད་ལྡན་གྱི་བར་ཐག་ཏུ་གཏན་འཁེལ་བྱས་ཤིང་། ད་ལྟའི་ཆ་ལ་ཡང་དེ་བཞིན་དུ་ལག་ཏུ་བསྟར་བཞིན་ཡོད་དོ། ། 

2 ཤུགས་རྐྱེན།

འཛམ་གླིང་དུ་མཱ་ལ་སུང་བང་རྒྱུག་འགྲན་བསྡུར་བྱེད་པའི་རྒྱལ་ཁབ་དང་ས་གནས80ཡོད། སྤྱི་ལོ1949ལོའི་རྗེས་སུ་མཱ་ལ་སུང་བང་རྒྱུག་འགྲན་བསྡུར་བྱེད་པའི་རྒྱལ་ཁབ་དང་ས་གནས80ཡོད། སྤྱི་ལོ1949ལོའི་རྗེས་སུ་མཱ་ལ་སུང་བང་རྒྱུག་འགྲན་བསྡུར་དེ་རང་རྒྱལ་ནས་ཀྱང་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་ཕྱིན། སྐབས་དང་པོའི་པེ་ཅིན་རྒྱལ་སྤྱིའི་མཱ་ལ་སུང་འགྲན་བསྡུར་དེ་སྤྱི་ལོ1981ལོར་འཚོགས། རྒྱལ་ཁབ12ཀྱི་ལུས་རྩལ་པ80ཞུགས་ཡོད། པེ་ཅིན་གྱི་རྒྱལ་སྤྱིའི་མཱ་ལ་སུང་འགྲན་བསྡུར་དེ་གཞི་རྒྱ་ཆེ་རུ་ཕྱིན་ནས་སྤྱི་ལོ2008ལོར་འགྲན་བསྡུར་ཞུགས་པའི་ལུས་རྩལ་པ2500ལས་བརྒལ་ཡོད། དེ་དག་ནི་རྒྱལ་ཁབ30ལྷག་གི་་ལུས་རྩལ་པ་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-24

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།