ལང་ཐང་ཙེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལང་ཐང་ཙེ།
ལང་ཐང་ཙེ་ནི་ལོ་གཉིས་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཕྲ་ལ་རིང་བའི་མདོག་སེར་སྐྱ་སྙུང་རིལ་དབྱིབས་ལ་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། ལོ་དང་པོར་སྐྱེས་པའི་ལོ་མ་སྔོ་པདྨའི་དབྱིབས་ཅན་ས་ལ་འབྱར་ནས་སྐྱེ་བ་ཙམ་ལས་སྡོང་པོ་ཆགས་མི་ཐུབ་ཅིང་། ལོ་གཉིས་པར་སྡོང་པོ་སྔོ་སྐྱ་ཕྲ་ལ་རིང་ཞིང་ལྡེམ་པ་ལྔ་དྲུག་ཙམ་སྐྱེ་བར་ཡལ་ག་ཡོད་པ་དང་མེད་པ་སྣ་ཚོགས་ཡོད། ལོ་མ་སྔོ་སྐྱ་མདུང་རྩེའི་དབྱིབས་མདུན་ལྗང་ལ་རྒྱབ་སྐྱ་བའི་མཐར་ཉག་ག་ཡོད་ཅིང་། ངར་བ་ཐུང་བ་རེས་མོས་སུ་སྐྱེ་བ་དང་སྡོང་པོའི་སྟོད་ཀྱི་ལོ་མ་ཁ་སྤྲོད་དུ་སྐྱེ་བའང་ཡོད། ལོ་མ་དང་སྡོང་པོ་གཉིས་ཀར་སྤུ་དཀར་འཇམ་པས་ཁྱབ་ཅིང་འབྱར་བག་ཀྱང་ཡོད། མེ་ཏོག་སེར་ཁྲའམ་དཀར་ཁྲ་ཆུང་བ་སྡོང་བོ་དང་ཡལ་གའི་སྟོད་ཀྱི་ལོ་མ་རེ་རེའི་མཚམས་སུ་མེ་ཏོག་རེ་འཆར་ཞིང་། མེ་ཏོག་གི་འདབ་མར་དྲ་བ་ལྟ་བུའི་རྩ་རིས་ནག་པོ་གསལ་པོ་ཡོད་པ་དང་། གང་བ་སྐྱི་ལྤགས་རྒྱུ་དྲིལ་གཟུགས་ཀྱི་ནང་རིལ་བ་སྤྱི་བླུགས་འདྲ་ཞིང་ཁ་གཅོད་ལྟར་གས་པ། འབྲུ་གུ་དཀར་པོ་ཞིབ་ལ་ཏིལ་འབྲུ་འདྲ་བ་མང་པོ་ཡོད་ལ། ཁོང་སྲིན་སོགས་སྲིན་ནད་ཀྱིས་གཟེར་ཟུག་ལངས་པ་དང་། ཡ་སྲིན། སོ་སྲིན། གྲེ་ཚད། རྨ་འབྲས་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལང་ཐང་ཙེ།
རྒྱ་ཡིག་གི་མིང་།
天仙子
ཕྱི་ཡིག་གི་མིང་།
Hyoscyamusniger
སྡེ།
ཐང་ཁྲོམ་གྱི་སྡེ།
ཁོངས་གཏོགས།
ཐང་ཁྲོམ་གྱི་ཁོངས་གཏོགས།
རིགས་དབྱེ།
སྔོ་སྨན།
1 མིང་གཞན།   

རྒྱ་ཐང་ཕྲོམ་དང་། ཐང་ཕྲོམ་ཁྲ་བོ། ཐང་ཕྲོམ་ལང་ཐང་སོགས་ཀྱང་ཟེར།

2 སྐྱེ་དབྱིབས།  

འཁྲུངས་དཔེ་རུ། ལང་ཐང་ཙེ་ནི་ལྡུམ་རར་སྐྱེ།། སྡོང་པོ་ཕྲ་ལ་རིང་བ་ལ།། གང་བུ་རིལ་བ་སྤྱི་བླུགས་འདྲ།། རྩ་བརྒྱད་མགོ་ལྟར་བསྒྲེངས་ནས་ཡོད།། འབྲས་བུ་ཏིལ་ཙམ་གསེག་བརྡར་རིས།། ཞེས་བསྟན་པ་བཞིན། ལང་ཐང་ཙེ་ལོ་གཉིས་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཕྲ་ལ་རིང་བའི་མདོག་སེར་སྐྱ་སྙུང་རིལ་དབྱིབས་ལ་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། ལོ་དང་པོར་སྐྱེས་པའི་ལོ་མ་སྔོ་པདྨའི་དབྱིབས་ཅན་ས་ལ་འབྱར་ནས་སྐྱེ་བ་ཙམ་ལས་སྡོང་པོ་ཆགས་མི་ཐུབ་ཅིང་། ལོ་གཉིས་པར་སྡོང་པོ་སྔོ་སྐྱ་ཕྲ་ལ་རིང་ཞིང་ལྡེམ་པ་ལྔ་དྲུག་ཙམ་སྐྱེ་བར་ཡལ་ག་ཡོད་པ་དང་མེད་པ་སྣ་ཚོགས་ཡོད། ལོ་མ་སྔོ་སྐྱ་མདུང་རྩེའི་དབྱིབས་མདུན་ལྗང་ལ་རྒྱབ་སྐྱ་བའི་མཐར་ཉག་ག་ཡོད་ཅིང་། ངར་བ་ཐུང་བ་རེས་མོས་སུ་སྐྱེ་བ་དང་སྡོང་པོའི་སྟོད་ཀྱི་ལོ་མ་ཁ་སྤྲོད་དུ་སྐྱེ་བའང་ཡོད། ལོ་མ་དང་སྡོང་པོ་གཉིས་ཀར་སྤུ་དཀར་འཇམ་པས་ཁྱབ་ཅིང་འབྱར་བག་ཀྱང་ཡོད། མེ་ཏོག་སེར་ཁྲའམ་དཀར་ཁྲ་ཆུང་བ་སྡོང་བོ་དང་ཡལ་གའི་སྟོད་ཀྱི་ལོ་མ་རེ་རེའི་མཚམས་སུ་མེ་ཏོག་རེ་འཆར་ཞིང་། མེ་ཏོག་གི་འདབ་མར་དྲ་བ་ལྟ་བུའི་རྩ་རིས་ནག་པོ་གསལ་པོ་ཡོད་པ་དང་། གང་བ་སྐྱི་ལྤགས་རྒྱུ་དྲིལ་གཟུགས་ཀྱི་ནང་རིལ་བ་སྤྱི་བླུགས་འདྲ་ཞིང་ཁ་གཅོད་ལྟར་གས་པ། འབྲུ་གུ་དཀར་པོ་ཞིབ་ལ་ཏིལ་འབྲུ་འདྲ་བ་མང་པོ་ཡོད།  

3 འཐུ་དུས་དང་ལས་སྣོན། 

སྨན་དུ་འབྲུ་གུ་དགོས་པས་བོད་ཟླ་བརྒྱད་པ་ཙམ་ལ་སྨིན་པའི་དུས་སུ་གང་བུ་བཏུས་ཏེ་སྐམ་ནས་སྤྱོད་དགོས། 

4 རོ་ནུས་ཞུ་རྗེས། 

རོ་ཁ་ལ་ཚ་བ་དང་། ཞུ་རྗེས་ཁ་བ། ནུས་པ་སྣུམ་ལ་དྲོ་ཞིང་རྟུལ་བ། དུག་ཤས་ཡོད། 

5 རྐྱང་བའི་ཕན་ཡོན། 

ཁོང་སྲིན་སོགས་སྲིན་ནད་ཀྱིས་གཟེར་ཟུག་ལངས་པ་དང་། ཡ་སྲིན། སོ་སྲིན། གྲེ་ཚད། རྨ་འབྲས་སོགས་ལ་ཕན། 

བརྡ་འགྲེལ་གདོང་འཛར།

ལང་ཐང་ཙེ། མེ་ཏོག ལོ་མ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།