ཁ་ཤོག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་ཤོག་པ།
འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་དཀར་པོ་རྐང་གཅིག་མཛུབ་མོ་ཙམ་ལ་ལོ་མ་མཐུག་གཉེར་སྤུ་རྩུབ་ཐུང་ངུ་ཡོད་པ། ས་ངོས་སུ་སྐྱེ་བ་ཕལ་ཆེར་ལག་པའི་འཁོར་རྒྱ་ཙམ་པར་མེ་ཏོག་སེར་དཀར་འཆར། འབྲས་བུ་ལྗང་དཀར་རིལ་མོ་མཛུབ་མགོ་ཙམ་མངར་ཁུ་འབྱར་བག་ཅན་དང་ས་བོན་དཀར་སེར་མཁལ་དབྱིབས་ཡུངས་དཀར་གྱི་འབྲུ་ཙམ། ཆེ་ཤེལ་འོག་བལྟས་ན་འབྲུམ་རིས་ཅན་མང་པོ་འདྲེས་ནས་གང་བུ་བཞི་ལྔ་ཙམ་ཐོགས་ཡོད་ལ། གཉན་ནད་གག་ལྷོག་འཇོམས། རྒྱུ་ལོང་ལ་སོགས་སྣོད་ཀྱི་སྲིན་བུ་གསོད། འདོད་པ་འཕེལ་ཞིང་རོ་ཙ་མྱུར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁ་ཤོག་པ།
རྒྱ་ཡིག་གི་མིང་།
青海茄参
ཕྱི་ཡིག་གི་མིང་།
Mandragorachinhaiebsis
སྡེ།
ཐང་ཁྲོམ་གྱི་སྡེ།
ཁོངས་གཏོགས།
ཐང་ཁྲོམ་གྱི་ཁོངས་གཏོགས།
རིགས་དབྱེ།
སྔོ་སྨན།
1 ​མིང་གཞན། 

དཀར་མོ་ལུག་དུག སྲོ་མ་སེང་གེ། དབྱིད་དཀར་པོ། ཨ་བྲ་ཐང་ཕྲོམ་སོགས་ཀྱང་ཟེར། 

2 སྐྱེ་དབྱིབས། 

འཁྲུངས་དཔེ་རུ། ད་བྱིད་དཀར་པོ་ཁ་ཤོག་པ།། སྤང་ལྗོངས་ཕྱུགས་ལྷས་རྙིང་པར་སྐྱེ།། རྩ་བ་ཕྲ་ལ་ལོ་མ་སྲབ།། ལོ་མས་ས་མནན་མཉེན་ལ་ཆུང་།། མེ་ཏོག་དཀར་སེར་སྲབ་ལ་སྙོམས། གང་བུ་དཀར་འཇམ་སྔོ་མདངས་ཅན།། འབྲས་བུ་དཀར་ཞིབ་རིང་བསྲེལ་འདྲ།། ཞེས་གསུངས་པ་ལྟར། འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་དཀར་པོ་རྐང་གཅིག་མཛུབ་མོ་ཙམ་ལ་ལོ་མ་མཐུག་གཉེར་སྤུ་རྩུབ་ཐུང་ངུ་ཡོད་པ། ས་ངོས་སུ་སྐྱེ་བ་ཕལ་ཆེར་ལག་པའི་འཁོར་རྒྱ་ཙམ་པར་མེ་ཏོག་སེར་དཀར་འཆར། འབྲས་བུ་ལྗང་དཀར་རིལ་མོ་མཛུབ་མགོ་ཙམ་མངར་ཁུ་འབྱར་བག་ཅན་དང་ས་བོན་དཀར་སེར་མཁལ་དབྱིབས་ཡུངས་དཀར་གྱི་འབྲུ་ཙམ། ཆེ་ཤེལ་འོག་བལྟས་ན་འབྲུམ་རིས་ཅན་མང་པོ་འདྲེས་ནས་གང་བུ་བཞི་ལྔ་ཙམ་ཐོགས་པའོ།།

3 འཐུ་དུས་དང་ལས་སྣན།  

སྨན་དུ་འབྲས་བུ་དགོས་ཏེ་བོད་ཟླ་བརྒྱད་པ་ནས་དགུ་བའི་དུས་ལ་བཏུས་ཏེ་རས་སྐུད་ལ་ཕྲེང་བ་ལྟར་བརྒྱུས་ནས་ཉི་རླུང་ཕོག་སར་མ་རུལ་བར་སྐམ་ཚགས་བྱ་དགོས། 

4 རོ་ནུས་ཞུ་རྗེས། 

རོ་མངར་ལ་ཁ་བ་དང་། ཞུ་རྗེས་མངར། ནུས་པ་བསིལ། 

5 རྐྱང་བའི་ཕན་ཡོན། 

གཉན་ནད་གག་ལྷོག་འཇོམས། རྒྱུ་ལོང་ལ་སོགས་སྣོད་ཀྱི་སྲིན་བུ་གསོད། འདོད་པ་འཕེལ་ཞིང་རོ་ཙ་མྱུར། 

བརྡ་འགྲེལ་གདོང་འཛར།

ཁ་ཤོག་པ། ལོ་མ། འབྲས་བུ། ལས་སྣོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།