རྒྱལ་ཡུལ་ལྷ་མོ་རྣམས་ཀྱི་བཞེངས་སྐུའི་ཆ་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཡུལ་ལྷ་མོ་རྣམས་ཀྱི་བཞེངས་སྐུའི་ཆ་ཚད།
རྒྱལ་ཡུམ་ལྷ་མོ་རྣམས་ཀྱི་བཞེངས་སྐུའི་ཆ་ཚད་ནི། དང་པོ་ཚངས་ཐིག་དང་འགོ་ཐིག་བཏབ། སྐུ་སྟོད་ལ་ཞལ་བཞི་དང་ཕྱེད་ཀ སྐུའི་སྨད་ཆར་ཞལ་ཚད་བཞི་ངང་ཕྱེད་བཅས་སྟོད་སྨད་བསྡོམས་པས་ཞལ་ཚད་དགུ། གཡས་གཡོན་བསྡོམས་པས་སོར་བརྒྱ་དང་བརྒྱད་དོ། །
གཞི་རྩའི་གནས་ཚུལ།

མིང་།
རྒྱལ་ཡུལ་ལྷ་མོ་རྣམས་ཀྱི་བཞེངས་སྐུའི་ཆ་ཚད།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

ཐིག་ཆེན་གསུམ་པ་རྒྱལ་ཡུམ་མཐོ་དགུ་པར་བཤད་པ་ནི་བསྡོམ་འབྱུང་ལས། ཡིད་དུ་འོང་བའི་རང་གཟུགས་ནི།། ཞལ་ཚད་དགུ་པར་མངོན་པར་བྲི།། ཞེས་གསུངས་པ་ལྟར། རྒྱལ་ཡུམ་ལྷ་མོ་རྣམས་ཀྱི་བཞེངས་སྐུའི་ཚད་ལ་ཞལ་ཚད་དགུ་པར་བཤད་ཅིང་། དང་པོ་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་སྲིད་དུ་གཙུག་ཏོར་ལ་སོར་མོ་བཞི། སྐྲ་དཔངས་ལ་སོར་གསུམ། སྐྲ་མཚམས་ནས་ཀོས་ཀོའི་བར་ཞལ་ཚད་གང་། མགྲིན་པ་སོར་གསུམ། ཐུགས་ཀ་ཞལ་ཚད་གང་། ལྟེ་བ་ཞལ་ཚདུ་གང་། གསང་གནས་སོར་བརྒྱད་བཅས་སྐུ་སྟོད་ལ་ཞལ་བཞི་དང་ཕྱེད་ཀ སྐུའི་སྨད་ཆར་དཔྱི་མགོ་སོར་བཞི། བརླ་སོར་ཉི་ཤུ་རྩ་གཉིས། པུས་མོ་སོར་གསུམ་དང་རྗེ་ངར་སོར་ཉི་ཤུ་རྩ་གཉིས། ཞབས་དཔངས་ལ་སོར་གསུམ་བཅས་སྨད་ཆར་ཞལ་ཚད་བཞི་ངང་ཕྱེད་བཅས་སྟོད་སྨད་བསྡོམས་པས་ཞལ་ཚད་དགུ། དེ་ནས་ཞེང་དུ་ཚངས་ཐིག་ནས་མཆན་རྩེ་བར་སོར་བཅུ། དཔུང་པ་སོར་བཅོ་བརྒྱད། ཕྱག་ངར་སོར་བཅུ་བཞི། ཕྱག་མགོ་སོར་བཅུ་གཉིས་བཅས་གཡས་གཡོན་བསྡོམས་པས་སོར་བརྒྱ་དང་བརྒྱད་དོ། །

2 ཚིགས་སུ་བཅད་པར་བཤད་པ།

རྒྱལ་ཡུམ་ལྷ་མོ་ཞལ་ཚད་དགུ་པ་སྟེ།  །

གཙུག་ཏོར་སོར་བཞི་སྐྲ་དཔངས་སོར་མོ་གསུམ།  །

དབུ་སྐྲའི་མཚམས་ནས་ཀོས་ཀོའི་བར་ཐག་ཏུ།  །

ཞལ་ཚད་གང་དང་མགྲིན་པ་སོར་མོ་གསུམ།  །

ཐུགས་ཀ་ལྟེ་བར་ཞལ་ཚད་གང་རེ་བཤད། །

གསང་གནས་སོར་བརྒྱད་སྐུ་ཡི་སྨད་ཆ་ལ།  །

དཔྱི་མགོ་སོར་བཞི་བརླ་སོར་ཉེར་གཉིས་སོ།  །

པུས་མོ་སོར་གསུམ་རྗེ་ངར་ཉེར་གཉིས་ཡིན། །

ཞབས་དཔངས་སོར་གསུམ་བསྡོམས་པས་ཞལ་ཚད་དགུ། །

ཞེང་དུ་ཚངས་པའི་ཐིག་ནས་མཆན་རྩེ་བར། །

སོར་མོ་བཅུ་དང་དཔུང་པ་སོར་བཅོ་བརྒྱད། །

ཕྱག་ངར་བཅུ་བཞི་ཕྱག་མགོ་ཞལ་ཚད་གང་། །

གཡས་གཡོན་བསྡོམས་པས་ཞལ་ཚད་དགུ་ཡིན་ཏེ། །

ཆུ་ཞེང་གབ་པའི་ཚད་དང་མཐུན་དགོས་སོ། །

བརྡ་འགྲེལ་གདོང་འཛར།

རྒྱལ་ཡུམ། ལྷ་མོ། བཞེངས་སྐུ། ཆ་ཚད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།