ཤུགས་སྦྲེལ་བང་རྒྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤུགས་སྦྲེལ་བང་རྒྱུག
ཤུགས་སྦྲེལ་བང་རྒྱུག་ནི་ཤུགས་སྦྲེལ་རུ་ཁག་གིས་རིམ་བཞིན་སྦྲེལ་ལེན་བྱས་ནས་བར་ཐག་ངེས་ཅན་རྒྱུག་ཚར་བར་བྱེད་པའི་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
接力跑
ཕྱི་ཡིག་གི་མིང་།
Relay race
འགྲན་ཞུགས་མི་གྲངས།
མི་བཞི།
ཁྱབ་ཁོངས།
ལུས་རྩལ།
1 ངོ་སྤྲོད།

ཤུགས་སྦྲེལ་བང་རྒྱུག་ནི་ཤུགས་སྦྲེལ་རུ་ཁག་གིས་རིམ་བཞིན་སྦྲེལ་ལེན་བྱས་ནས་བར་ཐག་ངེས་ཅན་རྒྱུག་ཚར་བར་བྱེད་པའི་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན། ཤུགས་སྦྲེལ་བང་རྒྱུག་སྦྱོང་བརྡར་བྱས་ན་ཐུན་མོང་གི་སྙིང་སྟོབས་དང་མྱུར་ཚད་སྦྱོང་བརྡར་བྱེད་ཐུབ།

2 འགྲན་སྟངས།

ཤུགས་སྦྲེལ་བང་རྒྱུག་ནི་མི་བཞི་རེའི་སྡེ་ཚན་གཅིག་ཏུ་གྲུབ་ཡོད། མི་རེ་རེ་ཡི་བར་ཐག་འདྲ་མཚུངས་དང་ཤུགས་སྦྲེལ་ཁུལ་གྱི་སྨི20ཡི་ནང་དུ་ཤུགས་སྦྲེལ་ཚར་བར་བྱེད་དགོས། ཨོ་ལིན་ཕི་ཁུ་འགྲན་བསྡུར་གྱི་རྣམ་གྲངས་ཕོ་དང་མོའི་སྨི4×100ཅན་དང་། སྨི4×400གཉིས་ཡོད། སྤྱི་ལོ1908ལོའི་སྐབས་བཞི་པའི་ཨོ་ལིན་ལུས་རྩེད་རྒྱས་ཚོགས་སུ་ཤུགས་སྦྲེལ་བང་རྒྱུག་གི་འགྲན་བསྡུར་རྣམ་གྲངས་ཡོད་པ་རེད།   


3 ལོ་རྒྱུས། 

དུས་རབས19པའི་དུས་མཇུག་ཏུ་ཤུགས་སྦྲེལ་བང་རྒྱུག་དེ་དངོས་སུ་རྒྱལ་སྤྱིའི་འགྲན་བསྡུར་གྱི་རྣམ་གྲངས་སུ་བཅུག སྤྱི་ལོ1933ལོར་ཀྲུང་གོའི་རྒྱལ་ཡོངས་ལུས་རྩལ་རྒྱས་ཚོགས་ནས་བཟུང་ཕོ་མོའི་སྨི4×100ཅན་གྱི་ཤུགས་སྦྲེལ་བང་རྒྱུག་འགྲན་སྡུར་སྤེལ་ལོ། ། 

4
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།