སངས་རྒྱས་ཀྱི་བཞེངས་སྐུའི་ཆ་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་ཀྱི་བཞེངས་སྐུའི་ཆ་ཚད།
སངས་རྒྱས་ཀྱི་སྐུ་ནི་ཆ་ཆེན་རེ་ལ་སོར་ཕྱེད་བཅུ་གསུམ་རེ་བརྩིས་པས་སོར་བརྒྱ་དང་ཉེར་ལྔ་པ་ཡིན་པས་བྱང་སེམས་ཚད་ལས་སོར་ལྔ་ལྷག་པ་དེ་ཆ་ཆེན་བཅུ་པོ་རེ་རེར་སོར་ཕྱེད་རེ་ལྷག་སོར་འཕར་དགོས་པས་དེ་ཡང་སྐྲ་ཁྱིམ་ལ་སོར་ཕྱེད་འཕར། དེ་བཞིན་ཀོས་ཀོའི་རྩ་བ་དང་ཐུགས་ལྟེ་གསང་གནས་བཅས་ལ་སོར་ཕྱེད་རེ་འཕར་བས་སྐུ་སྟོད་ལ་སོར་དོ་དང་རྐང་པ་གཉིས་འཕར། སྐུའི་སྨད་ཆར་བརླ་ལ་སོར་གཅིག་དང་རྗེ་ངར་ལ་སོར་གཅིག ཞབས་དཔངས་ལ་སོར་ཕྱེད་བཅས་འཕར་བས་སྐུ་སྨད་ལ་སོར་དོ་དང་རྐང་པ་གཉིས་འཕར་སྟབས། སྐུའི་སྟོད་སྨད་བསྡོམས་པས་སོར་ལྔ་འཕར་བའོ།། ཞེང་དུ་ཡང་ཐུགས་དབུས་ནས་མཆན་རྩེའི་བར་ལ་སོར་ཕྱེད། གྲུ་མོ་དང་མཁྲིག་མའི་ཚིགས་ལ་སོར་རེ་རེ་འཕར་བ་བཅས་གཡས་གཡོན་བསྡོམས་པས་སོར་ལྔ་འཕར་ཞིང་། སོར་མོ་བརྒྱ་དང་ཉེར་ལྔ་ཆུ་ཞེང་གབ་པའི་ཚད་ཡིན་ནོ།།
གཞི་རྩའི་གནས་ཚུལ།

མིང་།
སངས་རྒྱས་ཀྱི་བཞེངས་སྐུའི་ཆ་ཚད།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

སངས་རྒྱས་ཀྱི་སྐུ་ནི་ཆ་ཆེན་རེ་ལ་སོར་ཕྱེད་བཅུ་གསུམ་རེ་བརྩིས་པས་སོར་བརྒྱ་དང་ཉེར་ལྔ་པ་ཡིན་པས་བྱང་སེམས་ཚད་ལས་སོར་ལྔ་ལྷག་པ་དེ་ཆ་ཆེན་བཅུ་པོ་རེ་རེར་སོར་ཕྱེད་རེ་ལྷག་སོར་འཕར་དགོས་པས་དེ་ཡང་སྐྲ་ཁྱིམ་ལ་སོར་ཕྱེད་འཕར། དེ་བཞིན་ཀོས་ཀོའི་རྩ་བ་དང་ཐུགས་ལྟེ་གསང་གནས་བཅས་ལ་སོར་ཕྱེད་རེ་འཕར་བས་སྐུ་སྟོད་ལ་སོར་དོ་དང་རྐང་པ་གཉིས་འཕར། སྐུའི་སྨད་ཆར་བརླ་ལ་སོར་གཅིག་དང་རྗེ་ངར་ལ་སོར་གཅིག ཞབས་དཔངས་ལ་སོར་ཕྱེད་བཅས་འཕར་བས་སྐུ་སྨད་ལ་སོར་དོ་དང་རྐང་པ་གཉིས་འཕར་སྟབས། སྐུའི་སྟོད་སྨད་བསྡོམས་པས་སོར་ལྔ་འཕར་བའོ།། ཞེང་དུ་ཡང་ཐུགས་དབུས་ནས་མཆན་རྩེའི་བར་ལ་སོར་ཕྱེད། གྲུ་མོ་དང་མཁྲིག་མའི་ཚིགས་ལ་སོར་རེ་རེ་འཕར་བ་བཅས་གཡས་གཡོན་བསྡོམས་པས་སོར་ལྔ་འཕར་ཞིང་། སོར་མོ་བརྒྱ་དང་ཉེར་ལྔ་ཆུ་ཞེང་གབ་པའི་ཚད་ཡིན་ནོ།།

2 ཚིགས་སུ་བཅད་ནས་བཤད་པ།

བྱང་སེམས་བཞེངས་སྐུའི་ཚད་ལས་སོར་ལྔ་འཕར།  །

དེ་ཡང་སྐྲ་ཁྱིམ་ཀོས་ཀོའི་རྩ་བ་དང་། །

ཐུགས་ལྟེ་གསང་གནས་བཅས་པར་སོར་ཕྱེད་འཕར། །

སྐུ་ཡི་སྟོད་ཆར་སོར་མོ་ཕྱེད་གསུམ་འཕར། །

སྐུ་སྨད་བརླ་དང་རྗེ་ངར་གཉིས་པོ་ལ། །

རེ་རེར་སོར་གཅིག་འཕར་བས་སོར་མོ་དོ། །

ཞབས་ཀྱི་དཔངས་ལ་སོར་ཕྱེད་འཕར་བ་བཅས། །

སྐུ་ཡི་སྨད་ཆར་སོར་མོ་ཕྱེད་གསུམ་འཕར། །

ཞེང་དུ་ཚངས་པའི་ཐིག་ནས་མཆན་རྩེ་བར། །

སོར་མོ་ཕྱེད་ཀ་འཕར་ཞིང་གྲུ་མོ་དང་། །

མཁྲིག་མའི་ཚིགས་ལ་སོར་མོ་རེ་རེ་འཕར། །

གཡས་གཡན་བསྡོམས་པས་སོར་ལྔ་འཕར་བའོ། །

བརྡ་འགྲེལ་གདོང་འཛར།

སངས་རྒྱས། བཞེངས་སྐུ། ཆ་ཚད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།