གང་འདྲ་ཞིག་ལ་ཁྱིམ་ཚང་སློབ་གསོ་དང་དེར་ནོར་འཛོལ་འབྱུང་ས་གཙོ་བོ་གང་དག་ཡོད་མེད་ཀྱི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་གང་འདྲ་ཞིག་ལ་ཁྱིམ་ཚང་སློབ་གསོ་དང་དེར་ནོར་འཛོལ་འབྱུང་ས་གཙོ་བོ་གང་དག་ཡོད་མེད་ཀྱི་གྱོད་དཔེ་དང་དམངས་དོན་སྤྱི་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བཅའ་ཁྲིམས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དཔེ་དབྱེ་ཞིབ།
1 ངོ་སྤྲོད།

འདིར་གང་འདྲ་ཞིག་ལ་ཁྱིམ་ཚང་སློབ་གསོ་དང་དེར་ནོར་འཛོལ་འབྱུང་ས་གཙོ་བོ་གང་དག་ཡོད་མེད་ཀྱི་གྱོད་དཔེ་དང་དམངས་དོན་སྤྱི་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ། 

འཕགས་མོ་དང་རིག་ལོ་གཉིས་ལ་བྱིས་པ་གཅིག་མ་གཏོགས་མེད།     བྱིས་པ་གཅིག་པོ་དེ་ཁོ་གཉིས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་གཅེས་པས། བྱིས་པ་དེ་ལང་ཤོར་ཅན་ཞིག་ཏུ་གྱུར་འདུག སྡེ་མི་རྣམས་དང་ཁོའི་ཤ་ཉེ་རིང་རྣམས་ཀྱིསཁོ་བཟའ་ཟླ་གཉིས་ལ་བྱིས་པ་སེམས་ནས་གཅེས་དགོས་པ་མ་གཏོགས། འདི་ལྟར་ལང་ཤོར་དུ་བཏང་ན་མི་བཟང་བ་དང་གཞན་གྱིས་བལྟས་ནའང་ཁྱིམ་ཚང་སློབ་གསོ་མི་བཟང་ཟེར་ངེས་ཡིན་ཞེས་བཤད།   ཡིན་ཡང་ཁོ་གཉིས་ཀྱི་འདུ་ཤེས་སུ་ཁྱིམ་ཚང་སློབ་གསོ་ཟེར་བ་ཅི་ཡིན་འདི་ཡིན་ཤེས་ཀྱིན་མེད་ལ།     ཁྱིམ་ཚང་སློབ་གསོ་ལ་ནོར་འཛོལ་བྱུང་ན་མཇུག་འབྲས་ཅི་ལྟ་བུ་ཞིག་འབྱུང་བ་དེ་བས་ཀྱང་ཤེས་ཀྱིན་མེད།  འོ་ན་ཁྱིམ་ཚང་སློབ་གསོ་ཟེར་བ་དེ་ཇི་འདྲ་ཞིག་ཡིན་པ་དང་དེ་ལ་ནོར་འཛོལ་འབྱུང་ས་གཙོ་བོ་གང་དག་ཡོད།

3 ཁྲིམས་བཤད། 

བྱིས་པ་ཞིག་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་ཁྱིམ་ཚང་སློབ་གསོ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ།     ཕ་མ་སུ་ཞིག་ཡིན་རུང་དེ་ལ་དོ་སྣང་ཆེན་པོ་བྱེད་དགོས། གལ་ཏེ་དེ་ལ་དོ་སྣང་མ་བྱས་པར་བྱིས་པར་ཅི་འདོད་ལྟར་བྱེད་དུ་བཅུག་ན། མ་འོངས་པར་བྱིས་པ་དེ་ལོག་ལམ་དུ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ།  ཁྱིམ་ཚང་སློབ་གསོ་ཞེས་པ་ནི་ཁྱིམ་ཚང་འཚོ་བའི་ཁྲོད་དུ།  ཕ་མ་དང་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་གིས་རང་རྟོགས་སམ་བསམ་བཞིན་དུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བུ་ཕྲུག་གི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྟར། རང་གིས་ངག་ཐོག་དང་ཁྱིམ་ཚང་འཚོ་བའི་ལག་ལེན་བརྒྱུད་དེ་བུ་ཕྲུག་ལ་སློབ་གསོའི་ཤུགས་རྐྱེན་ངེས་ཅན་ཐེབས་སུ་འཇུག་པའི་སྤྱི་ཚོགས་བྱ་འགུལ་ཞིག་ལ་ཟེར་བ་ཡིན། ཁྱིམ་ཚང་སློབ་གསོ་ནི་ཐོག་མར་ཀུན་སྤྱོད་སློབ་གསོ་ཡིན་དགོས། ཀུན་སྤྱོད་སློབ་གསོ་ནི་ཁྱིམ་ཚང་སློབ་གསོའི་ནང་དོན་གལ་ཆེ་ཤོས་ཡིན།  ཁྱིམ་ཚང་སློབ་གསོ་ལ་ད་རུང་བློ་རིག་སློབ་གསོ་དང་ལུས་རྩལ་སློབ་གས། མཛེས་དཔྱོད་སློབ་གསོ་དང་ངལ་རྩོལ་སློབ་གསོ་སོགས་ཀྱང་འདུ་བ་ཡིན། མིག་སྔར་ལོ་ན་མ་སོན་པའི་སྐྱེ་བོའི་ཁྱིམ་ཚང་གི་སློབ་གསོའི་ཁྲོད་དུ་སྔར་བཞིན་གནད་དོན་གང་མང་ཞིག་གནས་ཤིང་། གཙོ་བོ་ནི་གཤམ་གསལ་དག་ཡིན།   

(1)བྱིས་པ་ནི་ཁྱིམ་ཚང་གི་དཀྱིལ་སྙིང་ཡིན་ལ།ཁྱིམ་ཚང་མང་བོ་ཞིག་ཏུ་བྱིས་པ་ནི་ཁྱིམ་ཚང་དེའི་སྙིང་བོ་ཡིན་པ་དང་། ཡོད་ཚད་བྱིས་པའི་ཆེད་དང་བྱིས་པའི་འདོད་བློ་ཚིམ་ཆེད་ཕ་མས་ཡོད་ཚད་འབུལ་ནུས་པ། དེ་ལྟར་སློབ་གསོ་བཏང་བའི་བྱིས་པར་ཁྱིམ་ཚང་གི་མི་ཆོས་ལྟ་བ་ཆགས་དཀའ་བ་རེད།

(2)གཅར་རྡུང་མ་བྱས་ན་འཇོན་མི་མི་ཆགས་པ། ཁྱིམ་བདག་མང་བོ་ཞིག་ལ་དབྱུག་པའི་འོག་ཏུ་བུ་ཕྲུག་སྲི་ཞུ་ཅན་འབྱུང་བ་དང་གཅར་རྡུང་མ་བྱས་ན་འཇོན་མི་མི་ཡོང་བའི་བསམ་བློ་ཡོད་པ་རེད། ཁྱིམ་བདག་གིས་བྱིས་པར་སློབ་གསོ་བྱེད་པའི་རྣམ་འགྱུར་མི་ལེགས་པ་སྟོན་པ་དང་སྐད་ཆ་རྩུབ་ལ་གྱོང་བ། བརྩེ་ཞེན་མེད་པ། ཐ་ན་ཟུར་ཟ་དང་སྡིགས་དམོད་བྱེད་པ།    རང་རྩིས་བསམ་བློར་བཙན་གྱིས་བརྙས་བཅོས་བྱེད་པ།      དེ་ཡང་ཁྱིམ་བདག་གིས་དྲག་གནོན་གྱི་སློབ་གསོ་བྱེད་སྟངས་ཀྱིས་རྟག་ཏུ་བྱིས་པ་རྣམས་གཤིས་གྱོང་ལ་བློ་དོག་པ། རང་གིས་རང་ལ་མཐོང་ཆུང་བྱེད་པ། རང་ཉིད་ལ་ཡིད་ཆེས་མེད་པ་སོགས་ཀྱི་བསམ་བློ་ཆགས་སུ་འཇུག་པ་རེད།

(3)སྤྲོ་སྣང་མེད་པ། ཁྱིམ་ཚང་མང་བོ་ཞིག་ཏུ་བྱིས་པས་ནོར་འཁྲུལ་བཟོས་པ་ན། ཁྱིམ་བདག་གིས་བྱིས་པའི་སྟེང་ལ་རྣམ་འགྱུར་མི་ལེགས་པ་སྟོན་པ་དང་།  ཐ་ན་གཟའ་འཁོར་གཅིག་གམ་ཡང་ན་ཉིན་བཅུ་ལྷག་ལ་བྱིས་པར་སྐད་ཆ་མི་བཤད་པ། 

(4)བྱིས་པ་མིང་གྲགས་ཅན་ཞིག་ཡོང་བར་རེ་བ་ཆེན་པོ་བཅངས་པ།   ཁྱིམ་བདག་གིས་མ་འོངས་པར་བྱིས་པ་དེ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོང་ཆེད། བྱིས་པར་བཙན་གྱིས་ནུས་རྩལ་སྣ་ཚོགས་སློབ་སྦྱོང་བྱེད་དུ་བཅུག་སྟེ།ནར་མ་སོན་པའི་སྐྱེ་བོའི་ལོ་ཚད་དང་རིག་སྟོབས་ལ་སྣང་ཆུང་བྱས་ནས་མྱུ་གུ་འཐེན་ནས་སྐྱེ་ཐབས་བྱེད་པ་ཁོ་ནར་འབད་ན་མཇུག་འབྲས་ནི་ཐལ་དྲགས་པས་ནམ་ཡང་རང་ཉིད་སྡུག་ལ་སྦྱར་བ་ཡིན། 

(5)བྱ་བ་ཚང་མ་ཁམ་བངག་གས་འགན་ལན་པ། བ་ཕག་ཁར་སྐས་ལ་ཁྱམ་ཆང་ནང་དུ་གོ་གནས་དམིགས་བསལ་ཡོད་པས།     ཁྱིམ་བདག་ཁག་ཅིག་གིས་བྱེས་པར་གཅེས་དྲགས་ཏེ། བྱ་བ་ཆེ་ཆུང་ཚང་མ་རང་གིས་ཁག་ཏུ་ལེན་བཞིན་ཡོད། དེ་ལྟར་བྱས་ན་མཇུག་འབྲས་ནི་བྱིས་པར་ཕན་པ་ཡེ་ནས་མེད་པར་མ་ཟད། བྱིས་པར་གཞན་བརྟེན་གྱི་བསམ་བློ་དང་སྒྱིད་ལུག་གི་གོམས་གཤིས་ཆགས་སུ་འཇུག་པ་དང་། རང་ཉིད་ལ་ཡིད་མི་ཆེས་པ།   ཁེངས་དྲེགས་གཏུམ་སྤྱོད་དང་སྒེར་སེམས་ཅན་དུ་གྱུར་ཏེ།  ཁྱིམ་ཚང་སློབ་གསོ་གཏོང་དཀའ་བ་ཞིག་ཏུ་འགྱུར་ངེས་ཡིན།

(6)བྱིས་པའི་སྐྱོན་དང་ནོར་འཁྲུལ་འགེབ་ཅི་ཐུབ་པྱེད་པ།  ཁྱིམ་བདག་གིས་དུས་རྒྱུན་དུ་བྱིས་པའི་སྐྱོན་དང་ནོར་འཁྲུལ་འགེབ་སྲུང་བྱས་ཏེ་བྱིས་པར་དག་འབུད་བྱེད་ལ། གཞན་གྱིས་སྐྱོན་བརྗོད་བྱས་པ་ན། ཁྱིམ་བདག་གིས་རང་ཉིད་ཀྱི་བྱིས་པའི་སྟེང་ནས་རྒྱུ་མཚན་མི་བཙལ་བ་དང་བྱིས་པར་ནོར་འཁྲུལ་ཡོ་བསྲང་བྱེད་རོགས་ཀྱང་མི་བྱ། དེ་ལྟར་གསོ་སྐྱོང་བྱས་པའི་བྱིས་པ་ལ་འགན་འཁུར་གྱི་འདུ་ཤེས་མེད་པ།

(7)ཁྱིམ་བདག་གིས་བྱིས་པར་སློབ་གསོ་བྱེད་པའི་རྣམ་འགྱུར་མི་འདྲ་ལ་ནན་ཏན་གྱི་ཚད་ཀྱང་མི་འདྲ་བས།    ཕ་མ་གཉིས་ཀྱི་ཕྱོགས་གཅིག་གིས་ནན་ཏན་བྱེད་པ་དང་།   ཕྱོགས་གཅིག་གིས་གཅེས་ལང་དུ་གཏོང་བ་རེད།  དེ་ལྟར་བྱས་ན་བྱིས་པས་ལེགས་ཉེས་འབྱེད་མི་ཤེས་པ་ཞིག་ཏུ་འགྱུར་ཉེན་ཆེ།

(8)གང་འདོད་ཅི་འདོད་བྱེད་པ། ཁྱིམ་ཚང་དེའི་རིགས་ཀྱིས་བྱིས་པར་སློབ་གསོ་གཏོང་བའི་འགན་འཁྲི་གཙོ་བོ་དེ་སློབ་གྲྭའི་ཕྱོགས་སུ་དེད་དེ། བྱིས་པ་སློབ་གྲྭ་རུ་ཇི་འདྲ་ཡིན་པར་ཁ་ཡ་མི་བྱེད་ལ་འདྲི་རྩད་ཀྱང་མི་བྱེད་པ་རེད། ཁྱིམ་ཚང་དེ་རིགས་ཀྱི་བྱིས་པ་ནི་སློབ་གྲྭ་གྲོལ་རྗེས་གར་འགྲོ་འདི་འདུག་མེད་པས། སྤྱི་ཚོགས་སྟེང་གི་སྤྱོད་ལག་ན་ཆུང་ཚོར་འགྲོགས་སླ་བ་དང་། རིམ་བཞིན་བྱིས་པ་གནད་དོན་ཅན་དུ་འགྱུར་བ་དང་ཐ་ན་ཁྲིམས་འགལ་ཉེས་གསོག་གི་ལམ་དུའང་བགྲོད་སྲིད།

དེ་བས་བྱིས་པར་ཁྱིམ་ཚང་གི་སློབ་གསོ་ནི་ནམ་ཡང་མེད་དུ་མི་རུང་བ་ཞིག་ཡིན། ལྷག་པར་དུ་ད་ལྟའི་སྤྱི་ཚོགས་ནང་བྱིས་པ་ཁེར་སྐྱེས་མང་ལ། བྱིས་པ་དེ་རྣམས་ཕ་མས་གཅེས་ཕྲུག་ཏག་ཏག་ཡིན་པས། གཅེས་མ་ཤེས་གཅེས་ཕྲུག་ལང་ཤོར་དུ་བཏང་ཟེར་བའི་དཔེ་བཞིན་བྱིས་པ་ཁྲམས་འགལ་ཉེས་གསོག་གེ་ལམ་དུ་འགྲ་བར་སྔོན་འགག་ས་བྱེད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།