བྱམས་པ་བྱམས་བཞུགས་མའི་ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱམས་པ་བྱམས་བཞུགས་མའི་ཐིག་རྩ།
བྱམས་པ་བྱམས་བཞུགས་མའི་ཐིག་འདེབས་སྟངས་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་སྲིད་དུ་གཙུག་ཏོར་ཞལ་གང་དང་། སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་ཀོས་ཀོ་བར་ཞལ་གང་། མགྲིན་པ་སོར་བཞི། ཐུགས་ཀ་ཞལ་གང་། ལྟེ་བ་ཞལ་གང་། སྟ་ཟུར་སོར་བཞི། གསང་གནས་སོར་བརྒྱད། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞི། ཟླ་གདན་སོར་དྲུག པད་གདན་ཞལ་གང་སྟེ་བསྡོམས་པས་འཕྲེད་ཐིག་བཅོ་ལྔའོ།།
གཞི་རྩའི་གནས་ཚུལ།

མིང་།
བྱམས་པ་བྱམས་བཞུགས་མའི་ཐིག་རྩ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

བྱམས་པ་བྱམས་བཞུགས་མའི་ཐིག་འདེབས་སྟངས་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་སྲིད་དུ་གཙུག་ཏོར་ཞལ་གང་དང་། སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་ཀོས་ཀོ་བར་ཞལ་གང་། མགྲིན་པ་སོར་བཞི། ཐུགས་ཀ་ཞལ་གང་། ལྟེ་བ་ཞལ་གང་། སྟ་ཟུར་སོར་བཞི། གསང་གནས་སོར་བརྒྱད། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞི། ཟླ་གདན་སོར་དྲུག པད་གདན་ཞལ་གང་སྟེ་བསྡོམས་པས་འཕྲེད་ཐིག་བཅོ་ལྔའོ།། ཚངས་ཐིག་ནས་མཆན་རྩེ་བར་ཞལ་གང་། དཔུང་པའི་ནང་ཐིག་ལ་སོར་བཞི། དེ་ནས་ཕྱི་ཐིག་ལ་སོར་དོ། ཡང་པུས་ཐིག་སོར་བརྒྱད། དེ་སྟེང་ཞལ་གང་བཅས་གཡས་གཡོན་མཚུངས་པས་བསྡོམས་པས་གྱེན་ཐིག་བཅུ་གཅིག་གོ། ཚངས་ཐིག་དང་སྟེང་ཐིག་འཕྲད་ས་ནས་གསང་གནས་དང་པུས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་བརླ་རིས་རྟོགས། འཕྲེད་གཞུང་གཉིས་ཀྱི་པུས་ཐིག་འཕྲད་མཚམས་ནས་ཚངས་ཐིག་དང་ཞབས་དཔངས་ཐིག་འཕྲད་མཚམས་བར་གཡས་གཡོན་གཉིས་ནས་བཏབ་པས་རྗེ་ངར་གྱི་འབྲི་ཚུལ་རྟོགས།  འགྱིང་ཐིག་དང་ཞལ་ཐིག་ནི་གཞན་དང་མཚུངས་པའོ།།

བརྡ་འགྲེལ་གདོང་འཛར།

བྱམས་པ། བྱམས་བཞུགས་མ། ཐིག་རྩ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།