ཏང་ཀུན་དཀར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་ཀུན་དཀར་པོ།
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྦོམ་ལ་རིལ་བར་རྩ་ཕྲན་ཁ་ཤས་གྱེས་པ་དང༌། སྡོང་པོ་སྨུག་པོར་ཡལ་ག་ཁ་ཤས་གྱེས་ཤིང་ཁོང་སྟོང་བ། ལོ་མ་ལྗང་ནག་ཉག་ཆེན་སྔོ་སིབ་པ་ཏྲ་འདྲ་བ་མང་ཆེ་བ་རྩ་བ་ནས་གྱེས་པ་དང༌། སྨད་ཆའི་ཤུབས་ལོས་ཡལ་སྡོང་བཏུམས་ནས་སྐྱེ་བ། མེ་ཏོག་སེར་ཞིང་འདབ་མ་ལྔ་ལྡན་སྡོང་པོ་དང་ཡལ་གི་རྩེར་གདུགས་མང་མེ་ཏོག་བང་རིམ་དུ་འཆར་བ། འབྲས་བུ་མགོ་སྦྲེལ་ཉིས་སྦྱར་མ་ཁ་གས་པ་འདོགས་པའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
舟瓣芹 当归的一种类
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྦོམ་ལ་རིལ་བར་རྩ་ཕྲན་ཁ་ཤས་གྱེས་པ་དང༌། སྡོང་པོ་སྨུག་པོར་ཡལ་ག་ཁ་ཤས་གྱེས་ཤིང་ཁོང་སྟོང་བ། ལོ་མ་ལྗང་ནག་ཉག་ཆེན་སྔོ་སིབ་པ་ཏྲ་འདྲ་བ་མང་ཆེ་བ་རྩ་བ་ནས་གྱེས་པ་དང༌། སྨད་ཆའི་ཤུབས་ལོས་ཡལ་སྡོང་བཏུམས་ནས་སྐྱེ་བ། མེ་ཏོག་སེར་ཞིང་འདབ་མ་ལྔ་ལྡན་སྡོང་པོ་དང་ཡལ་གའི་རྩེར་གདུགས་མང་མེ་ཏོག་བང་རིམ་དུ་འཆར་བ། འབྲས་བུ་མགོ་སྦྲེལ་ཉིས་སྦྱར་མ་ཁ་གས་པ་འདོགས་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ཉི་གཏད་ཀྱི་རི་ལྡེབས་དང༌། ཕུ་ཞིང་གི་འགྲམ་སོགས་སུ་སྐྱེ་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ཞིང་བསིལ་བས་སྙིང་ལ་ཚ་བ་ཞུགས་པ་དང༌། དུག་ཚད་བྱེར་བ། རླུང་འཕར་བ། རླུང་གི་ནད་སོགས་ལ་ཕན་ནོ༎

2 སྐྱེ་གནས།

བོད་ཀྱི་ས་གནས་ཕལ་ཆེ་བའི་ཉི་གཏད་ཀྱི་རི་ལྡེབས་དང༌། ཕུ་ཞིང་གི་འགྲམ་སོགས་སུ་སྐྱེ།

3 སྦྱར་བྱ།

རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད།

4 ངོ་བོ།

རོ་ཚ་བ། ཞུ་རྗེས་ཁ་བ།

5 ཕན་ནུས།

ནུས་པ་ལྕི་ཞིང་བསིལ་བས་སྙིང་ལ་ཚ་བ་ཞུགས་པ་དང༌། དུག་ཚད་བྱེར་བ། རླུང་འཕར་བ། རླུང་གི་ནད་སོགས་ལ་ཕན་ནོ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།