དྲག་པོའི་ཟུར་ཞལ་གྱི་ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲག་པོའི་ཟུར་ཞལ་གྱི་ཐིག་རྩ།
དྲག་པོའི་ཟུར་ཞལ་གྱི་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་ལྔ་དང་སོར་གསུམ། སླར་ཡང་སོར་དོ། ཚངས་པའི་ཐིག་གི་གཡོན་དུ་སོར་དོ་དང་སོར་བཞི། སླར་ཡང་སོར་བཞི་བཅས་བསྡོམས་པས་དཀྱུས་ཐིག་བདུན་ནོ།། འགོ་ཐིག་ནས་སྲིད་དུ་སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྤྱན་ལ་སོར་མོ་སོ་དང་སྤྱན་གྱི་མས་ཐིག་ནས་ཤངས་བར་སོར་དོ། ཤངས་ཐིག་ནས་ཞལ་གདངས་པའི་ཐིག་ལ་སོར་བཞི། ཞལ་གདངས་པའི་ཐིག་ནས་ཀོས་ཀོ་བར་སོར་བཞི་བཅས་བསྡོམས་པས་འཕྲེད་ཐིག་བདུན་ནོ།།
གཞི་རྩའི་གནས་ཚུལ།

མིང་།
དྲག་པོའི་ཟུར་ཞལ་གྱི་ཐིག་རྩ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

དྲག་པོའི་ཟུར་ཞལ་གྱི་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་ལྔ་དང་སོར་གསུམ། སླར་ཡང་སོར་དོ། ཚངས་པའི་ཐིག་གི་གཡོན་དུ་སོར་དོ་དང་སོར་བཞི། སླར་ཡང་སོར་བཞི་བཅས་བསྡོམས་པས་དཀྱུས་ཐིག་བདུན་ནོ།། འགོ་ཐིག་ནས་སྲིད་དུ་སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྤྱན་ལ་སོར་མོ་སོ་དང་སྤྱན་གྱི་མས་ཐིག་ནས་ཤངས་བར་སོར་དོ། ཤངས་ཐིག་ནས་ཞལ་གདངས་པའི་ཐིག་ལ་སོར་བཞི། ཞལ་གདངས་པའི་ཐིག་ནས་ཀོས་ཀོ་བར་སོར་བཞི་བཅས་བསྡོམས་པས་འཕྲེད་ཐིག་བདུན་ནོ།།

2 ཚིགས་སུ་བཅད་ནས་བཤད་པ།

ཁྲོ་བོ་ལ་སོགས་དྲག་པོའི་ཟུར་ཞལ་གྱི། །

ཐིག་ནི་ཐོག་མར་ཚངས་ཐིག་འགོ་ཐིག་བཏབ། །

དེ་ནས་ཚངས་ཐིག་གཡས་སུ་སོར་ལྔ་དང་། །

སླར་ཡང་སོར་གསུམ་སྐྱར་དུ་སོར་མོ་དོ། །

ཚངས་པའི་ཐིག་གི་གཡོན་དུ་སོར་མོ་དོ།  །

ཡང་སོར་བཞི་དང་སྐྱར་དུ་སོར་བཞི་བཏབ།  །

གཡས་གཡོན་བསྡོམས་པས་དཀྱུས་ཐིག་བདུན་ཡིན་ནོ།  །

སྲིད་དུ་སྐྲ་དཔངས་སོར་བཞི་སྐྲ་མཚམས་ནས།  །

སྨིན་མཚམས་བར་དུ་སོར་མོ་བཞི་ཡིན་ཏེ། །

སྤྱན་ལ་སོར་དོ་སྤྱན་གྱི་མས་ཐིག་ནས།  །

ཤངས་ཐིག་བར་དུ་སོར་དོ་འདེབས་པར་བྱ། །

ཤངས་ཀྱི་ཐིག་ནས་ཞལ་གདེངས་སོར་མོ་བཞི། །

ཞལ་གྱི་ཐིག་ནས་ཀོས་ཀོའི་བར་ཐག་ཏུ། །

སོར་མོ་བཞི་བཅས་བསྡོམས་པས་འཕྲེད་ཐིག་བདུན་ནོ། །


བརྡ་འགྲེལ་གདོང་འཛར།

དྲག་པོ། ཟུར་ཞལ། ཐིག་རྩ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།