ལྷ་ཞི་བའི་ཟུར་ཞལ་ཕྱེད་ཙམ་གྱི་ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་ཞི་བའི་ཟུར་ཞལ་ཕྱེད་ཙམ་གྱི་ཐིག་རྩ།
ཞི་བའི་ཟུར་ཞལ་ཕྱེད་ཙམ་གྱི་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་མོ་བཞི་དང་སོར་གང་། སླར་ཡང་སོར་དོ། ཚངས་པའི་ཐིག་གི་གཡོན་དུ་སོར་མོ་བཞི་དང་སོར་དོ། སླར་ཡང་སོར་གང་བཅས་བསྡོམས་པས་དཀྱུས་ཐིག་བདུན་ནོ།། འགོ་ཐིག་ནས་སྲིད་དུ་སྐྲ་དཔངས་སོར་གསུམ་དང་སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་དང་སྤྱན་གྱི་མས་ཐིག་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་སྟེ་བསྡོམས་པས་འཕྲེད་ཐིག་བདུན་ནོ།།
གཞི་རྩའི་གནས་ཚུལ།

མིང་།
ལྷ་ཞི་བའི་ཟུར་ཞལ་ཕྱེད་ཙམ་གྱི་ཐིག་རྩ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

ཞི་བའི་ཟུར་ཞལ་ཕྱེད་ཙམ་གྱི་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་མོ་བཞི་དང་སོར་གང་། སླར་ཡང་སོར་དོ། ཚངས་པའི་ཐིག་གི་གཡོན་དུ་སོར་མོ་བཞི་དང་སོར་དོ། སླར་ཡང་སོར་གང་བཅས་བསྡོམས་པས་དཀྱུས་ཐིག་བདུན་ནོ།། འགོ་ཐིག་ནས་སྲིད་དུ་སྐྲ་དཔངས་སོར་གསུམ་དང་སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་།  སྤྱན་ལ་སོར་གང་དང་སྤྱན་གྱི་མས་ཐིག་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་སྟེ་བསྡོམས་པས་འཕྲེད་ཐིག་བདུན་ནོ།།

2 ཚིགས་སུ་བཅད་ནས་བཤད་པ།

ཞི་བའི་ཟུར་ཞལ་ཕྱེད་ཙམ་པ་ཡི་ཐིག།

ཐོག་མར་ཚངས་པའི་ཐིག་དང་འགོ་ཐིག་བཏབ།  །

དེ་ནས་ཚངས་པའི་གཡས་སུ་སོར་མོ་བཞི། །

སླར་ཡང་སོར་གང་སྐྱར་དུ་སོར་མོ་དོ།  །

ཚངས་པའི་ཐིག་གི་གཡོན་དུ་སོར་མོ་བཞི། །

སླར་ཡང་སོར་དོ་སོར་གང་འདེབས་པར་བྱ། །

བསྡོམས་པས་དཀྱུས་ཐིག་བདུན་ཡིན་ཤེས་པར་བྱ། །

འགོ་ཡི་ཐིག་ནས་ཐོད་ཁྱིམ་སོར་མོ་གསུམ། །

སྐྲ་ཡི་མཚམས་ནས་སྨིན་མཚམས་བར་དག་ཏུ།  །

སོར་བཞི་བཏབ་ནས་སྤྱན་གྱི་མས་ཐིག་བར།  །

སོར་མོ་གང་དང་སྤྱན་ལ་སོར་མོ་གང་།  །

དེ་ནས་ཤངས་ཐིག་བར་དུ་སོར་མོ་དོ། །

ཤངས་ནས་ཀོས་ཀོའི་བར་དུ་སོར་མོ་བཞི།  །

བསྡོམས་པས་འཕྲེད་ཐིག་བདུན་དུ་འདེབས་པར་བྱའོ། །


བརྡ་འགྲེལ་གདོང་འཛར།

ལྷ། ཞི་བ། ཟུར་ཞལ་ཕྱེད། ཐིག་རྩ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།