མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག
མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་གཡས་གཡོན་གཉིས་སུ་འགྲམ་ཞེང་སོར་ལྔ་དང་སྙན་ཞེང་སོར་དོ། བསྡོམས་པས་སོར་བཅུ་བཞི་སྟེ་གྱེན་ཐིག་ལྔའོ།། དེ་ནས་སྲིད་དུ་ནོར་འཛིན་པ་ཊ་བརྒྱན་པའི་ཐོར་ཅོག་ལ་སོར་བཅུ། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་པར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་བསྡོམས་པས་འཕྲེད་ཐིག་དགུའོ།།
གཞི་རྩའི་གནས་ཚུལ།

མིང་།
མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག
ཁོངས་གཏོགས།
རི་མོ།
1 ​ངོ་སྤྲོད།

མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་གཡས་གཡོན་གཉིས་སུ་འགྲམ་ཞེང་སོར་ལྔ་དང་སྙན་ཞེང་སོར་དོ། བསྡོམས་པས་སོར་བཅུ་བཞི་སྟེ་གྱེན་ཐིག་ལྔའོ།། དེ་ནས་སྲིད་དུ་ནོར་འཛིན་པ་ཊ་བརྒྱན་པའི་ཐོར་ཅོག་ལ་སོར་བཅུ། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་པར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་བསྡོམས་པས་འཕྲེད་ཐིག་དགུའོ།། ཀོས་ཀོ་དང་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་དུ་སོར་དོ་གཞལ་ཏེ། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་སྤྱན་གྱི་བར་དབྲག་དང་ཤངས་ཀྱི་ཞེང་། ཞལ་གྱི་གྲ་ཟུར་བཅས་རྟོགས། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་ནས་འགྲམ་ཐིག་དང་ཤངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། སྨིན་ཐིག་དང་འགྲམ་ཐིག་འཕྲད་ས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱི་རྩ་ཐིག་ཀོས་ཀོའི་མཚམས་ནས་གཡས་གཡོན་གཉིས་ནས་བཏབ་པས། ཤངས་དང་ཞལ་གྱི་གནས་ས་ཤེས་པའོ།།

2 རྩཚིག

མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་ནི།  །

ཐོག་མར་ཚངས་པའི་ཐིག་དང་འགོ་ཐིག་བཏབ།  །

དེ་ནས་ཚངས་པའི་ཐིག་གི་གཡས་གཡོན་དུ། །

འགྲམ་ཞེང་སོར་ལྔ་སྙན་ཞེང་སོར་མོ་དོ།  །

བསྡོམས་པས་དཀྱུས་ཐིག་ལྔ་རུ་འདེབས་པར་བྱ།  །

དེ་ནས་སྲིད་དུ་ནོར་འཛིན་པ་ཊ་ཡིས།  །

བརྒྱན་པའི་ལན་བུའི་ཐོར་ཅོག་སོར་མོ་བཅུ། །

སྐྲ་དཔངས་སོར་བཞི་དེ་ནས་སྨིན་མཚམས་བར།  །

སོར་བཞི་བཏབ་སྟེ་སྨིན་མའི་ཐིག་མཚམས་ནས། །                       

སྤྱན་གྱི་ཡས་ཐིག་བར་དུ་སོར་མོ་གང་། །

སྤྱན་ལ་སོར་གང་ཤངས་བར་སོར་མོ་དོ། །

ཤངས་ཀྱི་ཐིག་ནས་ཀོས་ཀོའི་བར་མཚམས་སུ། །

སོར་བཞི་བཏབ་ཅིང་བསྡོམས་པས་འཕྲེད་ཐིག་དགུ།  །

ཀོས་ཀོའི་ཐིག་དང་ཚངས་ཐིག་འཕྲད་ས་ནས། །

གཡས་གཡོན་གཉིས་ལ་སོར་མོ་དོ་རེ་གཞལ། །

ཚངས་པའི་ཐིག་དང་སྐྲ་མཚམས་འཕྲད་ས་རུ། །

གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་གྱི། །    

རྩེ་གྱེན་བསྟན་པས་སྤྱན་གྱི་བར་དབྲག་དང་། །

ཤངས་གྱི་ཞེང་དང་ཞལ་གྱི་གྲ་ཟུར་རྟོགས།  །

ཚངས་པའི་ཐིག་དང་སྐྲ་མཚམས་འཕྲད་ས་ནས།  །

འགྲམ་པའི་ཐིག་དང་ཤངས་ཐིག་འཕྲད་ས་བར། །

གཡས་གཡོན་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས།  །

སྨིན་མའི་ཐིག་དང་འགྲམ་ཐིག་འཕྲད་ས་ནས།  །

གྲུ་གསུམ་རྩེ་གྱེན་བསྟན་པའི་རྩ་ཐིག་གི།  །

ཀོས་ཀོའི་མཚམས་བར་གཡས་གཡོན་བཏབ་པས་ན།  །

ཤངས་དང་ཞལ་གྱི་གནས་ས་ཤེས་པའོ།  །


བརྡ་འགྲེལ་གདོང་འཛར།

མ་རྒྱུད་ལྷ་མོ། ཞལ་ཐིག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།