སངས་རྒྱས་དང་ལོངས་སྐུ།བྱང་སེམས་རྣམས་ཀྱི་ཞལ་ཐིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་དང་ལོངས་སྐུ།བྱང་སེམས་རྣམས་ཀྱི་ཞལ་ཐིག
ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་ཐིག་གཡས་གཡོན་དུ་འགྲམ་ཞེང་སོར་དྲུག སྙན་ཞེང་སོར་དོ། བསྡོམས་པས་དཀྱུས་ཐིག་ལྔའོ།། སྲིད་དུ་ནོར་ཏོག་ལ་སོར་དོ། གཙུག་ཏོར་ལ་སོར་བཞི། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་ནས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ།། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི། བསྡོམས་པས་འཕྲེད་ཐིག་དགུའོ།། ཀོས་ཀོ་དང་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་གཉིས་ལ་སོར་དོ་རེ་གཞལ་ཏེ་སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་སྤྱན་གྱི་བར་དབྲག་དང་། ཤངས་ཀྱི་ཞེང་། ཞལ་གྱི་གྲ་ཟུར་བཅས་རྟོགས། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་ནས། འགྲམ་ཐིག་དང་ཤངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ཀར་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། སྨིན་ཐིག་དང་འགྲམ་ཐིག་འཕྲད་ས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱི་རྩ་ཐིག་ཀོས་ཀོའི་མཚམས་བར་གཡས་གཡོན་གཉིས་ཀར་བཏབ་པས། ཤངས་དང་ཞལ་གྱི་གནས་ས་ཤེས་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

མིང་།
སངས་རྒྱས་དང་ལོངས་སྐུ། བྱང་སེམས་རྣམས་ཀྱི་ཞལ་ཐིག
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

རང་ཅག་ཁ་བ་རི་བོའི་ལྗོངས་ཀྱི་རི་མོ་འདི་ཉིད་སྦྱོར་བར་ཐོག་མར་དབུ་ཐིག་དང་དབུ་འབྲི་རྒྱུ་སྦྱོང་དགོས་པས། སངས་རྒྱས་དང་ལོངས་སྐུ། བྱང་སེམས་རྣམས་ཀྱི་ཞལ་ཐིག་ནི་གཅིག་ཏུ་ངེས་པས་འདི་ལྟ་སྟེ། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་ཐིག་གཡས་གཡོན་དུ་འགྲམ་ཞེང་སོར་དྲུག སྙན་ཞེང་སོར་དོ། བསྡོམས་པས་དཀྱུས་ཐིག་ལྔའོ།། སྲིད་དུ་ནོར་ཏོག་ལ་སོར་དོ། གཙུག་ཏོར་ལ་སོར་བཞི། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་ནས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ།། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི། བསྡོམས་པས་འཕྲེད་ཐིག་དགུའོ།། ཀོས་ཀོ་དང་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་གཉིས་ལ་སོར་དོ་རེ་གཞལ་ཏེ་སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་སྤྱན་གྱི་བར་དབྲག་དང་། ཤངས་ཀྱི་ཞེང་། ཞལ་གྱི་གྲ་ཟུར་བཅས་རྟོགས། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་ནས། འགྲམ་ཐིག་དང་ཤངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ཀར་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། སྨིན་ཐིག་དང་འགྲམ་ཐིག་འཕྲད་ས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱི་རྩ་ཐིག་ཀོས་ཀོའི་མཚམས་བར་གཡས་གཡོན་གཉིས་ཀར་བཏབ་པས། ཤངས་དང་ཞལ་གྱི་གནས་ས་ཤེས་པ་བཅས་ཡིན།

2 ཚིགས་སུ་བཅད་ནས་བཤད་པ།

སངས་རྒྱས་ལོངས་སྐུ་བྱང་སེམས་རྣམས་ཀྱི་ཞལ། །

ཐིག་ནི་གཅིག་ཏུ་ངེས་པས་འདི་ལྟ་སྟེ། །

ཐོག་མར་ཚངས་པའི་ཐིག་དང་འགོ་ཐིག་བཏབ། །

དེ་ནས་ཚངས་པའི་ཐིག་གི་གཡས་གཡོན་དུ། །

འགྲམ་ཞེང་སོར་དྲུག་སྙན་ཞེང་སོར་མོ་དོ།  །

བསྡོམས་པས་དཀྱུས་ཐིག་ལྔ་རུ་འདེབས་པར་བྱ།

རྩེ་མོའི་ཐིག་ནས་སྲིད་དུ་ནོར་ཏོག་ལ།  །

སོར་དོ་གཙུག་ཏོར་སོར་མོ་བཞི་རུ་བཏབ།  །

སྐྲ་དཔངས་སོར་བཞི་དེ་ནས་སྨིན་མཚམས་པར།

སོར་བཞི་བཏབ་སྟེ་སྨིན་མའི་ཐིག་མཚམས་ནས།

སྤྱན་གྱི་ཡས་ཐིག་བར་དུ་སོར་མོ་གང་།  །

སྤྱན་ལ་སོར་གང་ཤངས་བར་སོར་མོ་དོ།  །

ཤངས་ཀྱི་ཐིག་ནས་ཀོས་ཀོའི་བར་དག་ཏུ།  །

སོར་བཞི་བཏབ་ཅིང་བསྡོམས་པས་འཕྲེད་ཐིག་དགུ། །

ཀོས་ཀོའི་ཐིག་དང་ཚངས་ཐིག་འཕྲད་ས་ནས།  །

གཡས་གཡོན་གཉིས་ལ་སོར་མོ་དོ་རེ་གཞལ།  །

ཚངས་པའི་ཐིག་དང་སྐྲ་མཚམས་འཕྲད་ས་རུ། །

གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་གྱི།  །

རྩེ་གྱེན་བསྟན་པས་སྤྱན་གྱི་བར་དབྲག་དང་།  །

ཤངས་ཀྱི་ཞེང་དང་ཞལ་གྱི་གྲ་ཟུར་རྟོགས། །

ཚངས་པའི་ཐིག་དང་སྐྲ་མཚམས་འཕྲད་ས་ནས། །

འགྲམ་པའི་ཐིག་དང་ཤངས་ཐིག་འཕྲད་ས་བར། །

གཡས་གཡོན་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། །

སྨིན་མའི་ཐིག་དང་འགྲམ་ཐིག་འཕྲད་ས་ནས། །

གྲུ་གསུམ་རྩེ་གྱེན་བསྟན་པའི་རྩ་ཐིག་གི། །

ཀོས་ཀོའི་མཚམས་བར་གཡས་གཡོན་བཏབ་པས་ན། །

ཤངས་དང་ཞལ་གྱི་གནས་པ་ཤེས་པའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།