དགེ་རྒན་གྱིས་སློབ་མར་ལུས་ཆད་བཏང་ཆོག་མིན་གྱི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་དགེ་རྒན་གྱིས་སློབ་མར་ལུས་ཆད་བཏང་ཆོག་མིན་གྱི་གྱོད་དཔེ་དང་འགན་བབས་སློབ་གསོའི་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཁྲིམས་ལུགས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དཔེ་དབྱེ་ཞིབ།
1 ངོ་སྤྲོད།

འདིར་དགེ་རྒན་གྱིས་སློབ་མར་ལུས་ཆད་བཏང་ཆོག་མིན་གྱི་གྱོད་དཔེ་དང་འགན་བབས་སློབ་གསོའི་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

དབང་རྒྱལ་ནི་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་ཞིག་ཡིན་ལ།  ཁོ་ནི་འཛིན་གྲྭ་དེའི་ནང་གི་རྒྱ་ཡིག་གི་སྦྱངས་འབྲས་ཆེས་བཟང་བའི་སློབ་མ་ཞིག་ཀྱང་ཡིན།  ཉིན་ཞིག་ཁོས་རྒྱ་ཡིག་སློབ་ཁྲིད་སྐབས་རྩིས་རིག་གི་དཔེ་ཆ་བླངས་ནས་སློབ་ཐུན་སྔོན་མའི་ནང་གི་སྤྱི་འགྲོས་ཤིག་ལ་རྩིས་རྒྱག་བཞིན་པའི་སྐབས། རྒྱ་ཡིག་དགེ་རྒན་གྱིས་གནས་ཚུལ་དེ་མཐོང་ནས། དུས་ཐོག་ཏུ་ཁོ་ལ་གཤེ་གཤེ་མང་བོ་བཏང་པར་མ་ཟད། ཁྱོད་སློབ་མ་ང་རྒྱལ་ཅན་ཞིག་རེད་ཟེར་ནས་ཁོ་ལ་སློབ་གྲོགས་མང་བོའི་མདུན་ནས་གཅར་རྡུང་དྲག་པོ་བྱས་པ་དང་། ད་དུང་ཕུད་རྒྱག་བྱས་ཏེ་སློབ་ཁང་གི་སྒོ་ཕྱི་རུ་ཕྱུང་། ཉིན་དེའི་དགོང་མོར་དབང་རྒྱལ་ལ་ཟ་འཕྲུག་ལངས་པ་དང་རྨི་ལམ་འཇིགས་སྐྲག་ཅན་ཤ་སྟག་རྨིས་པས་གཉིད་ལས་བསླངས། ཕྱི་ཉིན་ཞོགས་པར་དབང་རྒྱལ་གྱིས་ཕ་མ་གཉིས་ལ་ཁོ་སློབ་གྲྭར་མི་འགྲོ་ཟེར་བར། ཕ་མ་གཉིས་ཀྱིས་ཁོ་སློབ་གྲྭར་མི་འགྲོ་བའི་རྒྱུ་མཚན་དྲིས་པ་ན། ད་གཟོད་ཁོས་ཁ་སང་བྱུང་བའི་གནས་ཚུལ་རྣམས་ཕ་མ་གཉིས་ལ་གསལ་བོར་བཤད་པ་ན། ཕ་མ་གཉིས་ཀྱང་ཐབས་ཟད་འུ་ཐུག་ཏུ་གྱུར། འོ་ན་རྒྱ་ཡིག་དགེ་རྒན་གྱི་བྱ་སྤྱོད་དེ་ཁྲིམས་དང་མཐུན་ནམ།

3 ཁྲིམས་བཤད།

རྒྱ་ཡིག་དགེ་རྒན་གྱི་བྱེད་སྟངས་དེ་མི་འགྲིག་སྟེ།《ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》ལས། སློབ་གྲྭའི་དགེ་རྒན་གྱིས་ནར་མ་སོན་པའི་མིའི་ངོ་སོ་དང་ལ་རྒྱར་བརྩི་འཇོག་བྱ་དགོས་པ་ལས་ནར་མ་སོན་པའི་སྐྱེ་བོར་ལུས་ཆད་གཅོད་པ་དང་།  རྣམ་པ་བསྒྱུར་ནས་ལུས་ཆད་གཅོད་པ  མིའི་ངོ་སོ་དང་ལ་རྒྱར་བརྙས་བཅོས་བྱེད་པའི་བྱ་སྤྱོད་གཞན་དག་སྤེལ་མི་ཆོག་པར་གཏན་ཁེལ་བྱས་ཡོད། 《འགན་འོས་སློབ་གསོའི་བཅའ་ཁྲིམས》ལས།   དགེ་རྒན་གྱིས་སློབ་མར་ལུས་ཆད་གཅོད་མི་རུང་ཞེས་གསལ་བོར་གཏན་ཁེལ་བྱས་ཡོད། 《དགེ་རྒན་གྱི་བཅའ་ཁྲིམས》ལས་ཀྱང་། དགེ་རྒན་གྱིས་གསོའི་ལས་ཁུངས་གཞན་དག་གམ་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ཆད་པ་གཅོད་རྒྱུའམ་གདན་ཞུ་མཚམས་འཇོག་པ།  གནས་ཚུལ་ཚབས་ཆེན་བྱུང་ནས་ནག་ཉེས་གྲུབ་ན་བཅའ་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་དགོས།  དེ་བས་སློབ་གྲྭས་རྒྱ་ཡིག་དགེ་རྒན་དེ་ལ་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།